རང་རྒྱལ་གྱིས་ཞིང་པ་ཁྲི་བརྒྱར་ཚན་རིག་དང་མཐུན་པའི་ངང་ཞིང་སྨན་སྤྱོད་པའི་གསོ་སྦྱོང་བྱ་རྒྱུ་ཡིན་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-04-04   རྩོམ་ཁུངས།    ཤིན་ཧྭ་གསར་འགྱུར་ཁང་།

འདི་ལོ་རང་རྒྱལ་གྱིས་རྒྱལ་ཡོངས་སུ་ཞིང་པ་ཁྲི་བརྒྱར་ཚན་རིག་དང་མཐུན་པའི་ངང་ཞིང་སྨན་སྤྱོད་པའི་གསོ་སྦྱོང་བྱས་ཏེ་ཚན་རིག་དང་མཐུན་པ་དང་བདེ་འཇགས་ལྡན་པའི་ངང་ཞིང་སྨན་སྤྱོད་རྒྱུར་སྐུལ་འདེད་ཏན་ཏིག་དང་ཞིང་ལས་ཀྱི་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད། འདི་ལོའི་གསོ་སྦྱོང་བྱེད་སྒོ་ནི་ཞིང་ལས་གྲོང་གསེབ་པུའི་རྒྱལ་ཡོངས་ཞིང་ལས་ལག་རྩལ་ཁྱབ་གདལ་ཞབས་ཞུ་ལྟེ་གནས་དང་རྒྱལ་ཡོངས་རྩི་ཤིང་སྲུང་སྐྱོང་ཁོངས་གཏོགས་ཀྱིས་མཉམ་དུ་སྒྲིག་འཛུགས་བྱས་པ་ཞིག་ཡིན་ཞིང་། ཀྲུང་གོ་ཞིང་སྨན་བཟོ་ལས་མཐུན་ཚོགས་བཅས་ཀྱིས་གཉེར་རོགས་བྱས་པ་ཞིག་རེད།

ཉེ་ཆར། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དུ་གཉེར་བའི་2019ལོའི་རྒྱལ་ཡོངས་ཀྱི་ཚན་རིག་དང་མཐུན་ཞིང་བདེ་འཇགས་ལྡན་པའི་ངང་ཞིང་སྨན་སྤྱོད་པའི་གསོ་སྦྱོང་སྤེལ་འགོ་ཚུགས་པའི་མཛད་སྒོར་ཞིང་ལས་གྲོང་གསེབ་པུའི་ཞིང་སྨན་ཞིབ་དཔྱད་གཏན་འཁེལ་སུའོ་ཡི་སུའོ་ཀྲང་ཀྲོའུ་ཕུ་གོ་ཡིས་ཚན་རིག་དང་མཐུན་ཞིང་བདེ་འཇགས་ལྡན་པའི་ངང་ཞིང་སྨན་སྤྱོད་པ་ནི་ཞིང་ཞོར་ཐོན་ཟོག་ཐོན་སྐྱེད་དང་སྤུས་ཚད་ཀྱི་བདེ་འཇགས་དང་འབྲེལ་བ་ཡོད་ལ་གྲོང་གསེབ་དར་རྒྱས་དང་། དབུལ་སྒྲོལ་འགག་སྒྲོལ། ཐོན་ལས་དར་རྒྱས་བཅས་ཀྱི་ནང་དོན་གལ་ཆེན་གྲས་ཤིག་ཀྱང་རེད། ཞིང་ལས་ལག་རྩལ་ཁྱབ་གདལ་དང་། རྩི་ཤིང་སྲུང་སྐྱོང་སྡེ་ཚན། དེ་བཞིན་རྒྱ་ཆེའི་ཞིང་ལས་རྒྱུ་ཆ་བརྒྱུད་ཚོང་བྱེད་མཁན་གྱིས་ཞིང་པར་ཞིང་སྨན་ཡག་པོ་འོས་སྦྱོར་བྱེད་དགོས་པ་དང་ཆབས་ཅིག་ནད་འབུའི་གནོད་འཚེར་སྔོན་དཔག་དང་སྔོན་བརྡ་ཚན་རིག་དང་མཐུན་དགོས་པ་དང་། ཞིང་སྨན་ཡག་པོ་ཚན་རིག་དང་མཐུན་པའི་ངང་སྐྱེ་དངོས་དང་དམིགས་སར་སྤྱོད་ཐུབ་པ་བྱེད་དགོས། མིའི་སྒལ་པར་འཕྲུལ་ཆས་ཁུར་ཏེ་སྨན་གཏོར་བའི་སྲོལ་རྒྱུན་གྱི་བྱ་ཐབས་ལ་འགྱུར་ལྡོག་བཏང་སྟེ་ཕན་ནུས་ཆེ་བའི་སྨན་གཏོར་འཕྲུལ་ཆས་ཞིབ་སྤེལ་དང་ཁྱབ་གདལ་ཤུགས་ཆེན་བཏང་ནས་སྤུས་ཚད་མཐོ་བའི་རྩི་ཤིང་སྲུང་སྐྱོང་ཞབས་ཞུའི་དཔུང་ཁག་འཕེལ་རྒྱས་གཏོང་དགོས་ཞེས་བརྗོད་པ་རེད།

རྒྱལ་ཡོངས་ཞིང་ལས་ལག་རྩལ་ཁྱབ་གདལ་ལྟེ་གནས་ཀྱི་ཏང་ཨུའི་ཧྲུའུ་ཅི་ཝུའེ་ཆི་ཝུན་གྱིས། བྱེད་སྒོའི་འཆར་གཞི་ལྟར་ན་ཚན་རིག་དང་མཐུན་ཞིང་བདེ་འཇགས་ལྡན་པའི་ངང་ཞིང་སྨན་སྤྱོད་པའི་མཛུབ་སྟོན་པ་བརྒྱ་དང་། ཚན་རིག་དང་མཐུན་ཞིང་བདེ་འཇགས་ལྡན་པའི་ངང་ཞིང་སྨན་སྤྱོད་པའི་གསོ་སྦྱོང་དགེ་རྒན་སྟོང་། རྫོང་རིམ་པའི་ཚན་རིག་དང་མཐུན་ཞིང་བདེ་འཇགས་ལྡན་པའི་ངང་ཞིང་སྨན་སྤྱོད་པའི་མཛུབ་ཁྲིད་པ་ཁྲི། ཤང་རིམ་པའི་ཆེད་ལས་ཞིང་སྨན་གཏོར་མཁན་འབུམ། གྲོང་ཚོ་རིམ་པའི་ཞིང་སྨན་གཏོར་མཁན་བྱེ་བ་བཅས་གསོ་སྦྱོང་བྱེད་རྩིས་ཡོད། གསོ་སྦྱོང་ལ་ཞིང་སྨན་དོ་དམ་གྱི་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་གྱི་ཤེས་བྱ་དང་། ཞིང་ནང་སྐྱེ་དངོས་ཀྱི་ནད་འབུ་དང་ཨ་བྲའི་གནོད་འཚེ་ཚན་རིག་དང་མཐུན་པའི་ངང་སྔོན་འགོག་ཚོད་འཛིན་ཤེས་བྱ། ཚན་རིག་དང་མཐུན་པའི་ངང་ཞིང་སྨན་སྤྱོད་པའི་ཤེས་བྱ། ཞིང་སྨན་སྦྱོར་སྡེབ་དང་གཏོར་སྐབས་ཀྱི་བདེ་འཇགས་འགོག་སྲུང་བྱ་ཐབས། ཟེའུ་འབྲུ་ཕོ་མོ་སྡེབ་སྦྱོར་བྱེད་མཁན་འབུ་སྲིན་སྲུང་སྐྱོང་བྱ་ཐབས། ཞིང་སྨན་གྱི་ཐུམ་སྒྲིལ་སྙིགས་རོ་ཚུར་བསྡུ་ཐག་གཅོད་ཀྱི་བླང་བྱ་སོགས་ཀྱི་སློབ་ཚན་ཚུད་ཡོད་ཅེས་ངོ་སྤྲོད་བྱས།

ཉེ་བའི་ལོ་ཤས་རིང་ལ། རང་རྒྱལ་གྱིས་ཞིང་ལས་ལྗང་མདོག་འཕེལ་རྒྱས་ལ་རྒྱུན་མཐུད་སྐུལ་འདེད་བཏང་བས། 2018ལོར་ཞིང་སྨན་སྤྱོད་ཚད་ཉུང་དུ་ཕྱིན་ཡོད་པ་དང་། ཞིང་ལས་གྲོང་གསེབ་པུའུ་ཡིས་2019ལོར་ཞིང་སྨན་སྤྱོད་ཚད་ཉུང་དུ་གཏོང་བ་དང་ཕན་འབྲས་འཕར་རྒྱུར་སྐུལ་འདེད་བཏང་ཡོད་པ་རེད།