ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་རྫོང་གསར་ཕུག་ལམ་ལེགས་འགྲུབ་བྱུང་།

རྩོམ་པ་པོ།   ཚེ་རིང་སྒྲོལ་མ།  ཡིག་བསྒྱུར།       དུས་ཚོད།   2019-04-03   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་དྲ་བ།

        ཟླ་3པའི་ཚེས་27ཉིན། ལས་ཀའི་ཉིན་མོ་1424ཡི་འབད་པར་བརྒྱུད་ནས། ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་གྱི་སེམས་ཀྱི་ཉི་ཟླའི་ལམ་མཚམས་ཀྱི་རྫོང་གསར་ཕུག་ལམ་བདེ་བླག་ངང་ཤར་གཏོང་ཐུབ་པ་དང་། འདི་ནི་ལམ་ཐིག་ཡོངས་ཀྱི་ཕུག་ལམ་དབྱིབས་འགྱུར་ཆེ་བ་དང་པོ་རེད་ལ། ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་ཤར་གཏོང་ཐུབ་པ་ལ་རྨང་གཞི་བརྟན་པོ་འདིང་པ་རེད།

        ཤེས་རྟོགས་བྱུང་དོན། ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་ནི་ཡུན་ནན་ནས་བོད་ལྗོངས་བར་གྱི་ལྕགས་ལམ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ།  ལྕགས་ལམ་དེས་ཡུས་ལུང་གངས་རི་དང་ཧྭ་པ་གངས་རི། སྟག་མཆོང་གྲོག་རོང་སོགས་ཀྱི་ལྗོངས་ཁུལ་གྲགས་ཅན་བརྒྱུད་པའི་དབང་གིས་ཆེས་མཛེས་པའི་གནམ་ལམ་ཞེས་པའི་མཚན་སྙན་བཏགས་ཡོད།  རྫོང་གསར་ཕུག་ལམ་གྱི་སྤྱིའི་རིང་ཚད་སྨི་2205ཡོད་ལ།  ཕུག་ལམ་དེ་གནས་པའི་ས་ཆའི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་3400བརྒལ་ཡོད་པ་དང་ས་བབ་རྙོག་འཛིང་ཆེ་བ།  ཕུག་ལམ་ལས་འགོ་ཚུགས་པ་ནས་བཟུང་།ཀྲུང་གོའི་ལྕགས་ལམ་ཅུས་གཉིས་པའི་ཨར་ལས་ཚད་ཡོད་ཀུང་སི་དང་པོའི་ལས་བྱེད་མི་སྣ་500ལྷག་གིས་དཀའ་ངལ་སྣ་ཚོགས་ཁྱད་བསད་བྱས་ནས་རྫོང་གསར་ཕུག་ལམ་བདེ་བླག་ངང་ཤར་གཏོང་ཐུབ་པར་ཁག་ཐེག་བྱས་པ་རེད།  དུས་མཚུངས་སུ་ཨར་ལས་ཁྲོད་ཀྱི་ལག་རྩལ་ཕྱོགས་བསྡོམས་དང་ཉམས་མྱོང་གསོགས་ནས་ཡུན་ནན་གྱི་ནུས་བྱང་ས་ཁུལ་དུ་ཕུག་ལམ་དབྱིབས་འགྱུར་ཆེ་བའི་ཨར་ལས་འཛུགས་སྐྲུན་དང་འཆར་འགོད་ལ་དཔེ་ལྟ་ས་དང་དཔྱད་གཞི་བཏོན་པ་རེད།