འཇོལ་རྫོང་གི་འཚོ་སྡོད་ཁོར་ཡུག་མངོན་གསལ་དོད་པོས་ཇེ་ལེགས་སུ་བཏང་བ།

རྩོམ་པ་པོ།   ཚེ་རིང་དོན་གྲུབ། དུས་ཚོད།   2019-04-02   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།   ཡིག་བསྒྱ   

  ཉེ་བའི་ལོ་ཤས་རིང་འཇོལ་རྫོང་ཨུ་དང་། རྫོང་སྲིད་གཞུང་གིས་སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ་གྱི་དམིགས་ཚད་ལ་དམ་པོར་དམིགས་ནས།    ཉེན་ཡོད་ཁང་པ་དང་།   ཁང་པ་བཟོ་བའི་ནུས་པ་མེད་པའི་དུད་ཁྱིམ།    ཁང་པ་ཞིག་གསོ་བྱེད་པའི་ནུས་པ་མེད་པའི་དུད་ཁྱིམ།     ཁྱིམ་སྡོད་ཁོར་ཡུག་ཅུང་ཞན་པའི་དུད་ཁྱིམ་སོགས་ཀྱི་གནས་ཚུལ་ལ་ཞིབ་བསྡུར་གནད་དུ་འཁེལ་བ་བྱས་ཏེ།   ཧུར་ཐག་གིས་གྲོང་གསེབ་ཀྱི་ཁང་པ་སྒྱུར་བཀོད་དང་ཇེ་བཟང་དུ་གཏོང་རྒྱུ་ལག་བསྟར་བྱས་ཡོད།    སྤྱོད་ཁང་དང་ར་བ་གསར་བཟོའི་རྣམ་གྲངས་དང་གཞན་མཛེས་པོ་བཞི་དང་གཙང་མ་བཞི་མཐོར་འདེགས་གཏོང་བའི་ལས་དོན་སྤེལ་ནས།   བོད་ཁུལ་མང་ཚོགས་ཀྱི་སྡོད་གནས་ཀྱི་ཁོར་ཡུག་མངོན་གསལ་དོད་པོས་ལེགས་བཅོས་བྱུང་བ་དང་འཚོ་བའི་སྤུས་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན་ཡོད།

     དུད་ཚང་གི་གནས་ཚུལ་དང་བསྟུན་ནས་བྱེད་ཐབས་བཏོན་པ་སྟེ།  ཁང་པ་བསྒྱུར་བཀོད་གཏོང་རྒྱུ་མཐོར་འདེགས་སུ་བཏང་ཡོད།   རྫོང་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཅུས་ཀྱིས་སྣེ་འཁྲིད་ཅིང་།   ཤང་གྲོང་ཁག་དང་། རྫོང་རིམ་པའི་འབྲེལ་ཡོད་སྡེ་ཁག་དང་གཞོགས་འདེགས་བྱས་ཏེ་དུད་ཚང་རེ་རེ་བཞིན་བརྟག་དཔྱད་བྱས་ཏེ་དུད་ཚང་རེར་བསྒྱུར་བཀོད་ཇུས་གཞི་རེ་རེ་བཟོ་འགོད་བྱས་ནས་ཁ་གསབ་རོགས་དངུལ་གཏན་འཁེལ་བྱས་ཡོད།   

     བརྟན་བརླིང་ལག་བསྟར་བྱེད་པའི་རྣམ་གྲངས་གཙོ་བོར།   སྤྱོད་ཁང་ཇེ་ལེགས་སུ་གཏོང་བ་དང་།   ར་བ་ཇེ་ལེགས་སུ་བཏང་ནས་མི་དང་ཕྱུགས་ཟོག་སོ་སོར་འབྱེད་པ།    གནོད་མེད་ཅན་གྱི་གཙང་སྦྲ་དོད་པའི་གསང་སྤྱོད་དང་།སྒོ་ར་སྲ་འགྱུར་དང་སྔོ་འགྱུར་སོགས་ཀྱི་ལས་ཀ་ཚུད་ཡོད།    

     མཛེས་པོ་བཞི་དང་གཙང་མ་བཞི་མཐོར་འདེགས་སུ་གཏོང་བའི་ལས་ཀ་སྤེལ་བ།    ཞིང་ཆེན་ཏང་ཨུས་ཡུན་ནན་འདི་ཉིད་ཀྲུང་གོའི་ཆེས་མཛེས་སྡུག་ལྡན་པའི་ཞིང་ཆེན་དུ་བསྐྲུན་པའི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་གཞིར་བཟུང་བ་དང་།  ཁུལ་ཨུས་བདེ་ཆེན་འདི་ཉིད་རྒྱལ་ཡོངས་ཀྱི་ཆེས་མཛེས་པའི་བོད་རིགས་ས་ཁུལ་དུ་བསྐྲུན་པའི་དམིགས་འབེན་གཞིར་བཟུང་ནས།    འཇོལ་རྫོང་གིས་དོན་དངོས་ལ་དམིགས་པ་དང་།     ཏན་ཏན་ཏིག་ཏིག་གིས་ཆེས་མཛེས་པའི་གྲོང་ཁྱེར་དང་།   ཆེས་མཛེས་པའི་གྲོང་རྡལ།   ཆེས་མཛེས་པའི་གྲོང་ཚོ།    ཆེས་མཛེས་པའི་ཁྱིམ་ཚང་གཏོད་རྒྱུའི་ལས་ཀ་སྒྲུབ་ནས།   གྲོང་ཚོ་གཙང་མ་ཡིན་པ་དང་།   སྡོད་ཁང་གཙང་མ་ཡིན་པ།   ར་སྐོར་ནང་གཙང་མ་ཡིན་པ།   རང་ཉིད་ཀྱི་ཀུན་སྤྱོད་གཙང་མ་ཡིན་པ།   ཁང་པ་བསྒྱུར་བཀོད་མཐོར་འདེགས་དང་།     དྲིལ་བསྒྲགས་སློབ་གསོའི་ཆུ་ཚད་མཐོར་འདེགས་གཏོང་བ།  རྨང་གཞིའི་ཡིག་ཚགས་དང་ཤེས་རྟོགས་བྱང་བུ་མཐོར་འདེགས་གཏོང་བ།   རིགས་ལྔ་འདུས་པའི་མི་ཚོགས་ཀྱི་གྲལ་བཤེར་ལག་བསྟར་མཐོར་འདེགས་གཏོང་བ་སོགས་ཀྱི་བྱེད་སྒོ་སྤེལ་ནས་ནུས་ཡོད་ཀྱིས་བྱ་སྤྱོད་ངན་པ་དང་།    ལུགས་རྙིང་སྲོལ་ངན་མེད་པར་བཟོས་ཏེ།   དབུལ་སྒྲོལ་འགག་སྒྲོལ་དང་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལ་རམ་འདེགས་བྱེད་པར་ཕྱོགས་གཉིས་ཀྱི་སྐུལ་འདེད་བཏང་ཡོད།