དབུལ་ཐར་ཕྱུག་འགྱུར་གྱི་སྣེ་ཁྲིད་པ་ཡེ་ཤེས་ཟླ་བ་ཡི་གཏམ་རྒྱུད།

རྩོམ་པ་པོ།   དུས་ཚོད།   2019-03-29   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ཡེ་ཤེས་ཟླ་བ་ནི་1987ལོར་ཉི་ཤར་ཤང་ཐང་སྨད་གྲོང་གི་སྡེ་བ་ཆུང་ཆུང་ཞིག་ཏུ་སྐྱེས་པ་རེད། ཁོའི་ཨ་ཁུ་ཚང་ལ་ཨ་ཕྱེ་མིག་ལོང་གཅིག་དང་སྲིང་མོ་དབང་པོ་སྐྱོན་ཅན་གཉིས་ཡོད་པས་ཧ་ཅང་དབུལ་ཕོངས་ཡིན། དེ་ནས་དུད་ཚང་གཉིས་ཀྱི་ནང་མི་དག་གིས་གྲོས་མོལ་བྱས་རྗེས་ཁོ་ཨ་ཁུ་ཚང་ལ་སྟེར་བ་དང་།  དེ་ནས་བཟུང་ཁོས་ཁྱིམ་དེའི་འགན་ཁུར་བ་རེད།

        2015ལོར།  དབུལ་སྒྲོལ་འགག་སྒྲོལ་ལས་ཀ་འགོ་ཚུགས་པ་དང་ཡེ་ཤེས་ཟླ་བ་ཚང་ལ་དབུལ་ཕོངས་དུད་ཚང་དུ་གཏན་འཁེལ་བྱས་པ་རེད།  ཐེངས་གཅིག་ཁོས་གྲོང་མི་གཞན་གྱིས་ད་ཁོའི་ཚང་ལ་དབུལ་ཕོངས་དུད་ཚང་དུ་གཏན་འཁེལ་བྱས་ནས་ལས་གཅིག་ཡང་མི་བྱེད་ནའང་རྒྱལ་ཁབ་གྱི་དངུལ་སྟེར་རྒྱུ་རེད། སྡུག་རྒྱག་དགོས་མ་རེད་ཞེས་ཟེར་བ་ཚོར་ནས། ཁོས་རྒྱལ་ཁབ་ཀྱི་དམངས་ཕན་སྲིད་ཇུས་ལོངས་སྤྱོད་ནའང་རང་གི་འབད་བརྩོན་ལ་བརྟེན་ན་དབུལ་ཕོངས་ཞྭ་མོ་ཕུད་ཐུབ་རྒྱུ་རེད་ཞེས་སེམས་ཐག་གཅད་པ་རེད།

        2015ལོའི་ཟླ་8པ་ནས་བཟུང་།  ཡེ་ཤེས་ཟླ་བས་ཉི་ཤར་ཤང་གི་བཅའ་སྡོད་ལས་བྱེད་པ་དང་དབུལ་སྐྱོར་འགན་ཁུར་མི་སྣ་སོགས་དང་གྲོས་མོལ་བྱས་ནས་ར་གསོ་བར་ཐག་གཅད་པ་དང་།  དེ་ནས་ཁོས་ཁྱིམ་ནང་གི་བསགས་དངུལ་ཀུན་སྤྱད་ནས་ར་གསོ་འགོ་འཚུགས་པ་རེད།  2017ལོར་ཟིན་དུས།  ཡེ་ཤེས་ཟླ་བ་ཚང་གི་ར་85གསོ་ཡོད་པ་དང་ལོ་གཅིག་གི་སྤྱིའི་ཡོང་འབབ་སྒོར་ཁྲི་11ལྷག་ཟིན་འདུག    ལོ་མཇུག་ཏུ་ཁོས་དབུལ་ཕོངས་དུད་ཚང་ནས་ཕྱིར་འཐེན་རྒྱུ་ཞུ་བ་རེད།

        2018ལོར། ཡེ་ཤེས་ཟླ་བ་ཚང་གིས་ར་60ལྷག་བཙོང་བ་དང་ཡོང་འབབ་སྒོར་35000ཟིན། དེ་མིན་ཁོའི་ཚང་གིས་ད་དུང་བོད་ཕག་དང་རོང་པའི་བྱ་སོགས་གསོ་འདུག   ལོ་དེའི་ལོ་མཇུག་ཏུ་དབུལ་ཕོངས་དུད་ཚང་ལས་ཕྱིར་འཐེན་པ་རེད།  

        ད་ལོར།  ཡེ་ཤེས་ཟླ་བས་གསོ་སྤེལ་གནས་གཞི་གཉིས་འཛུགས་ནས་ར་དང་བོད་ཕག་སོགས་ཀྱི་གསོ་སྤེལ་གཞི་ཁྱོན་སྐྱེད་རྒྱུའི་འཆར་གཞི་ཡོད་པ་དང་།  ཁོ་ནི་ཐང་སྨད་གྲོང་གི་ཕྱུག་འགྱུར་སྣེ་ཁྲིད་མི་སྣ་གྲགས་ཅན་ཞིག་ཏུ་འགྱུར་ཡོད་པས་མཐའ་འཁོར་གྱི་གྲོང་པ་ཁག་གི་ཞིང་པ་མི་ཉུང་བས་ཁོ་ལ་ར་སོགས་གསོ་བའི་ལག་རྩལ་སྦྱོང་ཡོང་འདུག