གཞིས་རྩེའི་ཡུལ་སྐོར་ཐོན་ལས་མགྱོགས་མྱུར་ངང་འཕེལ་རྒྱས་ཕྱིན་པ།

རྩོམ་པ་པོ།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།  ཡིག་བསྒྱུར།       དུས་ཚོད།   2019-03-29   རྩོམ་ཁུངས།   

        2012 ལོར་གཞིས་རྩེ་ས་ཁུལ་གྱིས “ངོ་མཚར་ཆེ་བའི་ཇོ་རི · ཡིད་དབང་འཕྲོག་པའི་གཞིས་རྩེའི” ཡུལ་སྐོར་སྤུས་རྟགས་བཏོན་ནས་ཡུལ་སྐོར་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་ཡུལ་སྐོར་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་བས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་མགྱོ གས་པོ་བྱུང་ཞིང་།  ལོ་ཧྲིལ་པོར་ས་ཁུལ་དེ་ཡོངས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་ 240 ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་ 33.3% འཕར་བ་དང་ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་ 24 ཟིན་ཏེ་དུས་མཚུངས་ལས་38%འཕར་ཡོད།

        གཞིས་རྩེ་ས་ཁུལ་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་ཕུར་བུ་བཀྲ་ཤིས་ཀྱིས་ 2012 ལོ་ནི་གཞིས་རྩེ་ཡུལ་སྐོར་ཐོན་ལས་རྒྱལ་དམངས་དཔལ་འབྱོར་གྱི་འཐབ་ཇུས་རང་བཞིན་གྱི་ཀ་རྟེན་ལྟ་བུའི་ཐོན་ལས་སུ་འགྱུར་བ་བྱེད་པའི་གལ་ཆེའི་ལོ་གཅིག་ཡིན་ཞིང་། “སྲིད་གཞུང་གིས་ཁྲིད་སྟོན་བྱེད་པ་དང་ཁྲོམ་རས་འཁོར་སྐྱོད་བྱེད་པའི” རྩ་དོན་ལྟར་གཞིས་རྩེ་ས་ཁུལ་ཡུལ་སྐོར་འཕེལ་རྒྱས་མ་འཇོག་ཚད་ཡོད་ཀུང་སི་བཙུགས་པ་དང་ཕྱོགས་མཚུངས “ཕྱིར་གཏོང་བ་དང་ནང་དུ་གདན་དྲངས་པའི” དྲིལ་བསྒྲགས་བྱ་ཐབས་སྤྱད་ནས་ལྗོངས་ཕྱི་ནང་གི་སྨྱན་སྦྱོར་དང་མཉམ་ལས་ཤུགས་ཆེ་བྱས་ཏེ “ཇོ་རིའི་ཕ་ཡུལ་གཞིས་རྩེ” ཞེས་པ་གཙོ་གནད་དུ་བྱེད་པའི་ཡུལ་སྐོར་དྲིལ་བསྒྲགས་ཀྱི་བྱེད་སྒོ་སྤེལ་བས་གཞིས་རྩེའི་གཟུགས་བརྙན་དང་གྲགས་པ་སྔར་བས་ཆེ་རུསོང་ཡོད་ཅེས་གསུངས་པ་རེད།