སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ལྗོན་ཤིང་ལ་དྲོད་འཛིན་སྲུང་རས་བཀབ་ཤུགས་ཆེ་རུ་གཏོང་བ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2019-03-29   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ད་ལོ་ནས་བཟུང་།གྲོང་དྲུག་མཉམ་སྐྲུན་ལས་དོན་ཟབ་ཏུ་སྐུལ་འདེད་གཏོང་བར་བསྟུན་ནས།སེམས་ཀྱི་ཉི་ཟླ་གྲོང་ཁུལ་དུ་ལྗོན་ཤིང་མང་པོ་འཛུགས་ཏེ།ལྗང་འགྱུར་གྱི་ཁྱབ་ཚད་ཇེ་མང་དུ་གཏོང་ཡོད།དགུན་ཁ་སླེབས་པས།ལྗང་འགྱུར་ལྗོན་ཤིང་དེ་དག་ལ་དྲོད་འཛིན་སྲུང་རས་ཉིས་བརྩེགས་ཅན་བཀབ་པ་རེད།


        མིག་སྔར།ལྗོན་ཤིང་གི་དྲོད་འཛིན་ལས་དོན་དེ་ཕྱོགས་ཡོངས་ནས་ལེགས་གྲུབ་བྱུང་ཡོད་པ་རེད།ཤེས་རྟོགས་བྱུང་དོན།བྱེད་ཐབས་དེས་ལྗོན་ཤིང་ལ་འཁྱབས་སྐྱོན་གྱི་གནོད་པ་འཕྲི་ཐུབ་པ་མ་ཟད།ད་དུང་ལམ་མགྲོན་རྣམས་ཀྱིས་ཟུར་འཇོག་ས་རྒྱུད་བརྒལ་ནས་ལྗོན་ཤིང་ལ་རྡོག་རྫིག་གཏོང་བའང་སྔོན་འགོག་བྱེད་ཐུབ་པ་རེད།