བདེ་ཆེན་ཁུལ་གྱིས་ཕན་བདེའི་ལས་ཀ་ཡག་པོ་བསྒྲུབ་ནས་མང་ཚོགས་ཀྱིས་ སྔར་ལས་ཕན་བདེ་མྱོང་ཐུབ་པ་བྱས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-03-28   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། 2018ལོར། བདེ་ཆེན་་ཁུལ་གྱི་དམངས་སྲིད་སྡེ་ཁག་གིས་ཞིང་ཆེན་དང་ཁུལ་གྱི་དམངས་སྲིད་ལས་ཀའི་དམིགས་འབེན་འགན་འཁྲིར་དམིགས་ནས། འཕེལ་རྒྱས་གསར་བའི་བསམ་བློ་འཛུགས་པ་དང་ལག་ལེན་བྱ་རྒྱུ་བརྗོད་གཞི་བྱས་ཤིང་། ཕྱོགས་ཡོངས་ནས་དམངས་སྲིད་ལས་ཀའི་བྱེད་ཕྱོགས་ལག་ལེན་དོན་འཁྱོལ་ཐུབ་པ་བྱས་ཏེ། སྔར་ལས་ལྷག་པར་དམངས་སྲིད་ཀྱིས་སྤྱི་ཚོགས་ ཕན་བདེའི་ལས་ཀའི་ཁྲོད་སྐུལ་སྤེལ་གྱི་ནུས་པ་ཐོན་པ་བྱས་ལ། ཕྱོགས་ཡོངས་ནས་ཁུལ་ཡོངས་ཀྱི་དམངས་སྲིད་བྱ་བཞག་གི་སྤུས་ཚད་མྱུར་བར་གོང་འཕེལ་བཏང་བར་སྤུས་ལེགས་ཀྱི་ཞབས་ཞུ་མཁོ་སྤྲོད་བྱས་པ་རེད།

        ཕྱོགས་ཡོངས་ནས་སྤྱི་ཚོགས་ཕན་བདེའི་སྒེའུ་ཁུང་བཙུགས་པ། བདེ་ཆེན་ཁུལ་གྱི་ཐོག་མའི་བྱིས་པའི་ཕན་བདེ་ཁང་སྒོ་ཕྱེས་ལ། འདས་མཆོད་ཀྱི་བསྒྱུར་བཅོས་ཀྱི་ནུས་ཤུགས་ཆེ་རུ་གཏོང་བ།   རྒན་གསོ་ཁང་གི་སྤུས་ཚད་འཕེལ་རྒྱས་དང་མ་དངུལ་གཏོང་བའི་ཆེད་བཀོད་ལས་གཞི་གཏིང་ཟབ་པའི་སྒོ་ནས་སྤེལ་བ། བདེ་ཆེན་ཁུལ་གྱི་བྱིས་པའི་ཕན་བདེ་ཁང་དང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་འདས་མཆོད་ཁང་།              གསར་སྤེལ་ཁུལ་གྱི་རྒན་གསོ་ཁང་བཅས་སྤྱི་ཚོགས་ཀྱི་ཕན་བདེ་ཞབས་ཞུའི་སྒེའུ་ཁུང་འཛུགས་པར་འབད་པ་བྱས་པ་རེད།

        ཕྱོགས་ཡོངས་ནས་ཕན་བདེའི་རྒྱན་ཤོག་འགྲེམ་སྤེལ་ལ་ཤུགས་སྣོན་རྒྱག་པ། ཕན་བདེའི་རྒྱན་ཤོག་དྲིལ་སྒྲོག་ལ་ཤུགས་སྣོན་དང་འགྲེམ་སྤེལ་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ། ལོ་གཅིག་ལ་སྒོར་དུས་ཕྱུར་2.75ཡི་ཕན་བདེ་རྒྱན་ཤོག་བཙོང་པས། ལོ་སྔོན་མ་དང་བསྡུར་ན་དུས་མཚུངས་སུ་སྒོར་ཁྲི་1216འཕེལ་ཡོད་ལ། འཕེལ་ཚད་བརྒྱ་ཆའི་4.62ཡིན།  ལོ་གཅིག་ལ་ཕན་བདེའི་རྒྱན་ཤོག་གི་སྤྱི་ཕན་མ་དངུལ་སྒོར་ཁྲི་8970གྲབས་གསོག་བྱས་པ་རེད། ལོ་གང་བོར་ཕན་བདེའི་སྤྱི་ཕན་མ་དངུལ་སྒོར་2769བཏང་ནས་ནུས་ཤུགས་ཡོད་པའི་སྒོར་ནས་སྤྱི་ཚོགས་ཕན་བདེའི་བྱ་བཞག་འཕེལ་རྒྱས་བཏང་པ་རེད།

        ནུས་ཤུགས་ཡོད་རྒུས་ལོ་ལོན་རྣམས་ལ་དངོས་དོན་བསྒྲུབས་པ། ཚད་གཞི་ལྟར་ལོ་80ཡན་ཡིན་པའི་ལོ་ལོན་མི་6297ལ་ཞོར་ཕོགས་སྒོར་ཁྲི་419.913སྟེར་ལ། སྒོར་ཁྲི་32.32གྲབས་གསོག་བྱས་ནས་ལོ་80ཡན་ཡིན་པའི་ལོ་ལོན་མི་5816དང་གྲོང་ཁྱེར་ལྔ་སྐྱོང་ལོ་ལོན་མི་1366ལ་བློ་ཡིད་ལས་འདས་པའི་དོན་རྐྱེན་བྱུང་བའི་ཉེན་སྲུང་ཉོས་ཡོད་པ་རེད། མ་དངུལ་སྒོར་ཁྲི་129.54བཏང་ནས་ལོ་ལོན་གྲོང་ཁྱེར་སྤྱི་སྤྱོད་རླངས་འཁོར་ལ་རིན་མེད་དུ་འདུག་པར་སྤྱད་ཡོད།  སྒོར་ཁྲི་20བཏང་ནས་ཁྱིམ་ཚང་10ཡི་ཁང་རྙིང་བཟོ་བཅོས་ལ་སྤྱད་པ་རེད། དེ་མིན་སྒོར་231.54འདུས་སྡོད་རྒན་གསོ་ཁང་4འཛུགས་པར་སྤྱད་པ་རེད།

        ནུས་ཤུགས་ཡོད་རྒུས་སྤྱི་ཚོགས་ཕན་བདེའི་ལས་གཞི་འཛུགས་སྐྲུན་བྱེད་པ། ཧུར་བརྩོན་རྒན་གསོ་ཁང་28ཀྱི་ལས་གཞི་འཛུགས་སྐྲུན་བརྩོན་ལེན་བྱས་ནས་ས་ཁུལ་གསུམ་དང་ཁུལ་གསུམ་གྱི་ལས་གཞིའི་འཆར་གཞིའི་ནང་ཚུད་པར་བརྩོན་བྱས་ཤིང་། ལས་གཞིའི་ལས་གཉེར་མཛོད་ཁང་འཛུགས་སྐྲུན་བྱས་པ་རེད།  དེ་མིན་ཞིང་བདེའི་རྒན་གསོ་ཁང་8དང་ཧ་ཅང་དབུལ་བའི་ས་ཁུལ་དུ་ཞབས་ཞུ་ཁང་6འཛུགས་པ་བརྩོན་ལེན་བྱས།