ཡང་ཐང་གྲོང་རྡལ་ཞི་བདེ་གྲོང་ཚོའི་གྲོང་མི་རྣམས་ཀྱིས་དཔྱིད་འདེབས་ལ་བྲེལ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-03-27   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། དཔྱིད་ཟླ་གསུམ་པ་ཚེས་པ་བསྟུན་བདེ་ཆེན་མཐོ་སྒང་གི་ནམ་ཟླ་རིམ་གྱིས་ཇེ་དྲོར་སོང་ལ། མཐོ་སྒང་གི་ཞིང་པ་རྣམས་ཀྱང་སོ་ནམ་གྱི་ལས་ལ་བྲེལ་བའི་འགོ་བརྩམས་པ་རེད།  གང་ས་གང་དུ་ཞིང་པ་རྣམས་ཀྱིས་ཞིང་ནང་དུ་སོ་ནམ་གྱི་ལས་ལ་བྲེལ་བཞིན་པའི་སྣང་ཚུལ་མཐོང་ཐུབ་སྟེ། ལ་ལས་སྨན་རྩྭ་འདེབས་བཞིན་ཡོད་ལ། ལ་ལས་མེ་ཏོག་འདེམས་བཞིན་ཡོད། དེ་མིན་གསོ་སྤེལ་ཐོན་ལས་འཕེལ་རྒྱས་གཏོང་བཞིན་པ་ཡང་ཡོད་པ་རེད། ཉེ་བའི་ལོ་འདི་དག་གི་རིང་ལ་དབུལ་སྐྱོར་གནད་འཕིགས་ཀྱི་ལས་ཀ་རྒྱུན་ཆད་མེད་པར་སྐུལ་སྤེལ་བྱས་པ་བསྟུན་ནས། ཏང་ཨུ་སྲིད་གཞུང་གི་སྣེ་ཁྲིད་འོག་བདེ་ཆེན་ན་འཚོ་གནས་བྱས་ཡོད་པའི་མང་ཚོགས་ཀྱིས་གཅིག་རྗེས་གཉིས་མཐུད་དུ་ཐོན་ལས་འཕེལ་རྒྱས་བཏང་བཞིན་ཡོད་ལ། དབུལ་མཐར་ཕྱུག་འགྱུར་གྱིས་འབྱོར་འབྲིང་སྤྱི་ཚོགས་སུ་སྐྱོད་པའི་ལམ་སྙེག་བཞིན་ཡོད་པ་རེད།  པར་འདི་དག་ནི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཡང་ཐང་གྲོང་རྡལ་ཞི་བདེ་གྲོང་ཚོའི་གྲོང་མིས་སྨན་རྩྭ་འདེབས་བཞིན་ཡོད་པའི་རྣམ་པ་ཡིན།