སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཉི་ཤར་ཤང་ཐང་སྟོད་གྲོང་དུ་ཁམ་བུའི་མེ་ཏོག་རྣམ་པར་བཀྲ

རྩོམ་པ་པོ།   རིན་ཆེན་ཚེ་རིང་།  ཡིག་བསྒྱུར།       དུས་ཚོད།   2019-03-25   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ཁམ་བུའི་མེ་ཏོག་ནི་དཔྱིད་ཀའི་ཕོ་ཉ་ལྟ་བུ་སྟེ།   དཔྱིད་མགོ་མ་ཚེས་པའི་རྟགས་མཚན་ཡིན་ལ།  སེམས་ཀྱི་ཉི་ཟླའི་དཔྱིད་ཀའི་མཛེས་ལྗོངས་གཙོ་བོ་ཞིག་ཀྱང་ཡིན་པ་རེད། ཉེ་ཆར། སེམས་ཀྱི་ཉི་ཟླའི་བྱང་ཕྱོགས་ཀྱི་ལེ་དབར་ཉི་ཤུ་ཡས་མས་ཀྱི་མཚམས་སུ་ཡོད་པའི་ཉི་ཤར་ཐང་སྟོད་གྲོང་ཚོའི་ཉེ་འགྲམ་དང་ས་ཞིང་གི་མཐའ་སྐོར། ཁྱིམ་ཚང་གི་ལྷས་རའི་ནང་སོགས་ཕྱོགས་སོ་སོ་ན་ཁམ་བུའི་མེ་ཏོག་གིས་རྣམ་པར་སྤྲས་ཡོད་ལ། ལས་བརྩོན་པའི་བུང་བའི་ཚོགས་ཀྱིས་སྙན་པའི་མགྲིན་གླུ་ལེན་བཞིན་མེ་ཏོག་གི་ཚོམ་བུའི་ཁྲོད་ན་སྦྲང་རྩིའི་བཅུད་ལ་རོལ་བཞིན་ཡོད།

        དེ་མིན་དཔྱིད་ཀའི་མཛེས་ལྗོངས་དང་ལྷག་པར་དུ་དཔྱིད་ཀའི་མེ་ཏོག་ལ་རེ་སྒུག་བྱས་ནས་ཡུན་རིང་འགོར་བའི་ཡུལ་སྐོར་བ་མང་བོ་ཡང་གནས་འདིར་ཡོང་ནས་ཁལ་བུའི་མེ་ཏོག་གི་རྒྱས་སྟོན་འདིར་རོལ་བཞིན་ཡོད་ལ།  གྲོང་ཚོའི་སྒོ་ཆེན་འགྲམ་ན་ཟས་རིགས་སྣ་ཚོགས་ཀྱི་ཚོང་ར་བཤམས་ཡོད་པའི་གྲོང་མི་ཚོས་ཐག་རིང་མགྲོན་པོ་ཕེབས་པར་དགའ་བའི་འཛུམ་གྱིས་བསུ་བཞིན་ཡོད།

        ཁམ་བུའི་མེ་ཏོག་གིས་ཡུལ་སྐོར་བ་རྣམས་ལ་སྤྲོ་སྐྱིད་སྣང་སྟེར་བཞིན་ཡོད་ལ། དུས་མཚུམས་སུ་གྲོང་མི་རྣམས་ལ་ཡོང་འབབ་མི་ཉུང་བ་ཞིག་སྐྱེལ་ཡོང་བཞིན་ཡོད་དེ།  འདི་ནི་དག་གཙང་གི་ཆུ་བོ་དང་སྔོ་ལྗང་གི་རི་བོ་ནི་གསར་རི་དངུལ་རི་ལས་ཀྱང་ལྷག་ཅེས་པའི་བསམ་བློ་ལག་བསྟར་བྱས་པའི་དགེ་མཚན་ཡིན་པ་ཐེ་ཚོམ་མེད།