དབུལ་ཕོངས་ཞྭ་མོ་ཕུད་དེ་བདེ་སྐྱིད་ཀྱི་ལམ་དུ་བསྐྱོད་པའི་གཡག་རྭའི་བུ་མོ་ཆོས་མཚོ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-03-22   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ཆོས་མཚོ་ནི་འཇོལ་རྫོང་གཡག་རྭ་ཤང་དགོན་འོག་གྲོང་སྡེ་ནས་སྐྱེས་པའི་བུ་མོ་ཞིག་ཡིན་ལ།  མོས་2017ལོར་སློབ་ཆེན་ནས་མཐའ་ཕྱིན་པ་དང་གཡག་རྭ་ཤང་གི་འཕྲོད་བསྟེན་ཁང་དུ་ལས་ཞུགས་པ་དང་སྡེ་བའི་ཁྲོད་ཀྱི་སྨན་པ་ཞིག་ཏུ་འགྱུར་བས།  ཆོས་མཚོ་ཡིས་སློབ་འབྲིང་ནས་གྲོང་ཁྱེར་དུ་ཡི་གེ་སློབ་ཡོད་པ་དང་།  མོའི་ཨ་ཕས་རྒྱུན་དུ་ཕྱིར་གླ་བ་འགྲོ་བ་དང་ཨ་མས་ཁྱིམ་ནང་ལས་བྱེད་པ་དང་ཨ་མྱེ་ཨ་ཕྱེ་ལ་ལྟ་རྟོག་བྱས་ནས་བསྡད་ཡོད། ཁྱིམ་ནང་གི་ཆ་རྐྱེན་ནི་ཧ་ཅང་དབུལ་ཕོངས་ཡིན་པས་2015ལོར་སྲིད་གཞུང་གིས་དབུལ་ཕོངས་དུད་ཚང་དུ་གཏན་འབེབ་བྱས་པ་རེད།

        གཡག་རྭ་ཤང་དགོན་འོག་གྲོང་སྡེ་ནི་གཞན་ཡུལ་གནས་སྤོ་བྱས་ནས་གྲོང་ཁུལ་དུ་སྤོ་བ་དང་།  ཆོས་མཚོ་ཚང་ལ་གྲོང་ཁྱེར་ནང་གི་སྡོད་ཁང་དུ་སྤོ་ཐུབ་པ་མ་ཟད།  གྲོང་ཁྱེར་ནང་གི་མི་དང་བཞིན་སྨན་བཅོས་དང་སློབ་གསོ་སོགས་ཀྱི་ཆ་རྐྱེན་ཡག་པོ་ལོངས་སུ་སྤྱོད་ཐུབ་པ་དང་།  རྒྱལ་ཁབ་ཀྱི་དབུལ་སྐྱོར་སྲིད་ཇུས་རབ་དང་རིམ་པ་ལོངས་སུ་སྤྱོད་ཡོད་པས་ཁྱིམ་ནང་གི་འཚོ་བ་རིམ་བཞིན་ཡག་པོར་གྱུར་ཡོད་པ་རེད།

      ཆོས་མཚོའི་ཨ་ཕྱེས་ང་ལོ་72ལོན་པས་ལས་བྱེད་མི་ཐུབ་པ་དང་།  མོའི་ཨ་ཕ་ཨ་མ་གཉིས་ཀྱང་ལོ་45ལྷག་ལོན་པས་གླ་བ་འགྲོ་དཀའ་འདུག  དེ་ནས་ཆོས་མཚོས་ཡི་གེ་ཡག་པོ་སློབ་ནས་ལས་དོན་ཞིག་རགས་ཏེ་ཁྱིམ་ནང་ཕན་པ་ཆེན་མོ་ཐོགས་བྱུང་།  ཆུང་སྐབས་ནས་མོ་ལ་ཡི་གེ་ཡག་པོ་སློབ་ནས་ཕྱི་རོལ་དུ་འགྲོ་དགོས་ཟེར་བསླབ་མྱོང་།  ཆོས་མཚོར་ལས་དོན་རགས་པས་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་ཡག་པོ་ལ་བཀའ་དྲིན་ཞུ་དགོས་ཞེས་ཟེར།

        ཆོས་མཚོས་ལས་རགས་ནས་ཡུལ་ནང་གི་ཆོས་འཕེལ་ཚང་ལ་འབྲེལ་གཏུག་དབུལ་སྐྱོར་བྱས་ཡོད་པ་དང་སྔོན་གྱི་དབུལ་ཕོངས་སློབ་མ་ནས་ད་ལྟའི་དབུལ་སྐྱོར་ལས་བྱེད་པ་ཞིག་ཏུ་འགྱུར་ཡོད་པ་རེད།  ཆོས་མཚོས་ཏང་དང་རྒྱལ་ཁབ་ཀྱི་དབུལ་སྐྱོར་སྲིད་ཇུས་ལ་བཀའ་དྲིན་ཆེ་ཞུ་རྒྱུ་དང་།  ད་ལྟར་རྒྱལ་ཁབ་ཀྱི་སྲིད་ཇུས་དེ་འདྲ་ཡག་པོ་ཡོད་པ་དང་ང་ཚོས་རང་གི་འབད་བརྩོན་ལ་བརྟེན་ནས་འཚོ་བ་སྐྱིད་པོ་སྐྲུན་དགོས་ཞེས་ཟེར་བྱུང་།