ཀུའུ་ཁུན་གྱིས་འབའ་ལུང་རྫོང་དུ་གྲོང་གསེབ་ཡུལ་སྐོར་ལ་བརྟག་ཞིབ་གནང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-03-21   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།  ཟླ3པའི་ཚེས་15ཉིན།  ཁུལ་ཨུའི་ཧྲུའུ་ཅི། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཀུའུ་ཁུན་གྱིས་འབའ་ལུང་རྫོང་མཐའ་ཆུ་གྲོང་རྡལ་དུ་གྲོང་གསེབ་ཡུལ་སྐོར་ལས་ཀ་ལ་བརྟག་ཞིབ་གནང་བ་དང་།  ཁོང་གིས་ནན་བཤད་གནང་དོན།  མཐའ་ཆུ་གྲོང་རྡལ་གྱི་སྔོན་འགྲོ་དཔེ་སྟོན་གྱི་ནུས་པ་འདོན་དགོས་པ་དང་གྲོང་གསེབ་ཡུལ་སྐོར་དེ་ཁུལ་ཡོངས་ཡུལ་སྐོར་གྱི་རྒྱབ་སྐྱོར་དུ་བྱས་ནས་གྲོང་གསེབ་དར་འཕེལ་ལ་སྐུལ་འདེད་གཏོང་དགོས།

        ཀུའུ་ཁུན་གྱིས་བསྟན་དོན།  ཡུལ་སྐོར་ནི་རང་ཁུལ་གྱི་གཙོ་རྟེན་ཐོན་ལས་ཡིན་ལ།  ཁུལ་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ཧྲིལ་པོའི་ཁྲོད་གོ་གནས་གལ་ཆེན་ཡོད་དེ།  གྲོང་གསེབ་ཡུལ་སྐོར་དེ་ཁུལ་ཡོངས་ཡུལ་སྐོར་གྱི་རྒྱབ་སྐྱོར་གལ་ཆེན་དུ་བྱས་ནས།  རྒྱལ་ཁབ་རིམ་པའི་ཡུལ་སྐོར་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པ་དང་གྲོང་གསེབ་དར་འཕེལ་ཁྲོད་ནུས་པ་གལ་ཆེན་ལྡན།  2018ལོ་ནས་བཟུང་།  རིམ་པ་ཁག་དང་སྡེ་ཚན་ཁག་གིས་འབད་བརྩོན་བརྒྱུད་ནས་མཐའ་ཆུ་གྲོང་རྡལ་ཚེར་སྒང་གྲོང་ཁུལ་ཡོངས་ཀྱིས་གྲོང་གསེབ་ཡུལ་སྐོར་དར་འཕེལ་གཏོང་བའི་སྔོན་འགྲོའི་དཔེ་སྟོན་སར་བཙུགས་ནས།  རྨང་གཞིའི་སྒྲིག་བཀོད་རྒྱུན་མི་ཆད་པར་འཐུས་ཚང་དུ་གཏོང་བ་དང་ཁོར་ཡུག་གི་གཙང་སྦྲ་རྒྱུན་མི་ཆད་པར་ལེགས་སུ་གཏོང་བ།  ཞབས་ཞུའི་ནུས་པ་རིམ་བཞིན་འཐུས་ཚང་དུ་གཏོང་བ་དང་མགྲོན་ཁང་གི་འཛུགས་སྐྲུན་ཁྱད་ཆོས་མངོན་གསལ་ཐོན་པ།  མགྲོན་ཁུངས་ཁྲོམ་ར་རྒྱུན་མི་ཆད་པར་རྒྱ་སྐྱེད་པ་དང་ལས་རྣམ་གྱི་བཀོད་པར་ཐོག་མའི་གྲུབ་འབྲས་ཐོན་ཡོད།   མིག་སྔར་གནས་ཡོད་པའི་གནད་དོན་ནི་ཨར་ལས་ཀྱི་ལས་ཚད་དང་ལས་གཞིའི་སྤུས་ཚད།  ཁོར་ཡུག་ལེགས་གཏོང་།  མང་ཚོགས་ནང་ཞུགས།  སྡེ་སྲོལ་དམངས་ཆིངས་གཏན་འབེབ།  འཛུགས་སྐྲུན་གྱི་ཉམས་འགྱུར་ཚོད་འཛིན་སོགས་ཀྱི་ཐད་ལ་ད་དུང་ཤུགས་སྣོན་རྒྱག་དགོས །

        ཀུའུ་ཁུན་གྱིས་ནན་བཤད་གནང་དོན།  གྲོང་གསེབ་ཡུལ་སྐོར་དར་འཕེལ་གཏོང་ན་འཆར་གཞིས་སྣེ་ཁྲིད་བྱེད་པ་རྒྱུན་འཁྱོངས་བྱེད་དགོས་པ་དང་།  ཉམས་འགྱུར་ཚོད་འཛིན་ཁྲོད་འཛུགས་སྐྲུན་གྱི་རྒྱབ་ངོས་དང་རང་བྱུང་ཡུལ་ལྗོངས་མཐུན་སྦྱོར་བྱེད་དགོས།  ནང་གི་གཙང་སྦྲ་དག་ཐེར་བཅོས་སྐྱོང་མཐར་ཕྱིན་དགོས་པ་དང་ནང་གི་སྒྲིག་བཀོད་འཐུས་ཚང་དུ་གཏོང་དགོས།  མི་ཕྱུགས་དབྱེ་བའི་ལས་གྲྭ་དང་བཙོག་ཆུ་སྦུབས་དྲ་འཛུགས་སྐྲུན་སྤྱི་འདོམས་ངང་སྐུལ་འདེད་གཏོང་དགོས་པ་དང་།  ལས་རྣམ་གྱི་བཀོད་པ་དང་གྲོང་སྡེའི་ལྗང་འགྱུར་སྔར་ལས་ལྷག་པར་ལེགས་སུ་གཏོང་དགོས།  སྡེ་སྲོལ་དམངས་ཆིམས་གཏན་འབེབ་དང་ཡུལ་སྐོར་གྱི་ཤེས་ལྡན་མི་སྣ་སྦྱོང་བརྡར་མྱུར་དུ་ལག་བསྟར་བྱེད་དགོས།  གྲོང་སྡེའི་ཁོར་ཡུག་ལེགས་གཏོང་དང་གནའ་སྡོང་གནའ་རྫས་ཀྱི་སྲུང་སྐྱོང་གནས་སུ་འབྱོར་དགོས།