བཀྲ་ཤིས་ཕུན་ཚོགས་ཀྱི་ངའི་སེམས་ནང་གི་གླུ་དབྱངས་ཞེས་པར་གསན་རོགས།

རྩོམ་པ་པོ།   ཚེ་རིང་།  ཡིག་བསྒྱུར།       དུས་ཚོད།   2019-03-19   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

       བཀྲ་ཤིས་ཕུན་ཚོགས་ནི་ང་རང་ཆེས་དགའ་བའི་གླུ་བ་ཞིག་ཡིན།   ཁོང་གི་གླུ་སྐད་སྙན་མོས་ངའི་སེམས་ལ་བདེ་སྣང་དང་བག་ཆགས་ཟབ་མོ་ཞིག་བཞག་སོང་།   གླུ་བ་ཁོ་རང་ཐོག་མར་ངོ་ཤེས་ས་ནི་གླུ་སྐད་གསར་བའི་རྒྱལ་ཡོངས་གླུ་གཞས་འགྲན་བསྡུར་ནང་ཡིན་ལ།   ཁོའི་གླུ་གཞས་ཀྱིས་མཛུབ་སྟོན་དགེ་རྒན་རྣམས་ཀྱི་ཡིད་དབང་བཀུག་ནས་གདེང་འཇོག་ཚད་མཐོན་པོ་གནང་བ་མ་ཟད།    འགྲན་བསྡུར་རབ་དང་རིམ་པ་བརྒྱུད་ནས་མཇུག་མཐར་ཀྲུང་གོའི་སྐབས་གཉིས་པའི་གླུ་སྐད་སྙན་མོ་ཞེས་པའི་འགྲན་བསྡུར་ཁྲོད་བྱ་དགའ་ཨང་དང་པོ་བླངས།    གླུ་བ་བཀྲ་ཤིས་ཕུན་ཚོགས་ནི1986ལོའི་ཟླ་དང་པོའི་ཚེས1ཉིན་གཞིས་ཀ་རྩེ་རུ་སྐྱེས་ཤིང་།  2013ལོར། གཞིས་ཀ་རྩེ་གྲོང་ཁྱེར་གྱི་གླུ་བ་བཅུའི་འགྲན་བསྡུར་དུ་ཞུགས་པ་མ་ཟད་བྱ་དགའ་ཨང་དང་པོ་བླངས་པ་རེད།     2014ལོར། ཡང་བསྐྱར་གཞིས་ཀ་རྩེ་གྲོང་ཁྱེར་གྱི་གླུ་བ་བཅུའི་འགྲན་བསྡུར་དུ་ཞུགས་ཏེ་བྱ་དགའ་ཨང་གཉིས་པ་བླངས། ལོ་དེར་ད་དུང་སྐབས་དང་པོའི་ཇོ་མོ་གླང་མའི་རླབས་སྒྲ་ཞེས་པའི་གླུ་བ་འགྲན་བསྡུར་གྱི་ཨང་དང་པོ་བླངས།

      2016ལོར། ཇོ་མོ་གླང་མའི་རླབས་སྒྲ་ཞེས་པའི་གཞིས་རྩེ་ཡུལ་སྐོར་དྲིལ་སྒྲོག་གླུ་གཞས་རྒྱལ་ཡོངས་དྲ་ལམ་གླུ་བའི་འགྲན་བསྡུར་དུ་ཞུགས་ཏེ་ཨང་དང་པོ་བླངས་ཤིང་། དེ་ནས་བཟུང་དངོས་སུ་སྒྱུ་རྩལ་འཁྲབ་སྟོན་གྱི་ཁྱབ་ཁོངས་སུ་ཞུགས། ལོ་དེར་མི་སྒེར་གྱི་རྐྱང་གཞས་རྨི་ལམ་དུ་ཐང་སྟོང་རྒྱལ་པོ་འཚོལ་བ་ཞེས་པ་བཀྲམ།     2017ལོའི་ཟླ12པར། ཀྲུང་དབྱང་བརྙན་འཕྲིན་འཁོར་ལམ་གསུམ་པའི་མཉམ་འགུལ་རིགས་ཀྱི་ཕྱོགས་བསྡུས་སྒྱུ་རྩལ་ལེ་ཚན་ང་རང་ལོ་སར་དགོང་ཚོགས་སུ་ཞུགས་རྒྱུ་ཡིན་ཞེས་པར་ཞུགས་ཏེ་དཔྱིད་གསར་ཞེས་པའི་གླུ་གཞས་ལས་ཐད་ཀར་དགོང་ཚོགས་སུ་ཞུགས་ཆོག་པའི་གདན་འདྲེན་བྱང་བུ་ཐོབ།     2018ལོའི་ཟླ4བའི་ཚེས10ཉིན། མི་སྒེར་གྱི་རྐྱང་གཞས་དུས་ཚིགས་ཞེས་པ་བཀྲམ། 2018ལོའི་ཟླ5བའི་ཚེས4ཉིན། མི་སྒེར་གྱི་རྐྱང་གཞས་གཅིག་པ་ཞེས་པ་བཀྲམ། 2017ལོའི་ཟླ7པའི་ཚེས12ཉིན། མཉམ་ལེན་གྱི་རྐྱང་གཞས་རྨི་ལམ་གྱི་ཁ་ཕྱོགས་ཞེས་པ་བླངས། 2017ལོའི་ཟླ8པའི་ཚེས8ཉིན། ཧྲང་ཧའེ་རུ་སྤེལ་བའི་ཁྱེད་དང་མཉམ་དུ་ཞེས་པའི་གླུ་གཞས་སྤྲོ་ཚོགས་སུ་ཞུགས།  དེས་ན་ཐེངས་འདིར་ཕུལ་བའི་གླུ་གཞས་ངའི་སེམས་ནང་གི་གླུ་དབྱངས་ཞེས་པ་འདི་ལ་དྲ་ཐོག་ཏུ་ཉན་མཁན་མང་པོ་ཞིག་བྱུང་ཡོད་ཅིང་།   འདིས་ཀྱང་ཁྱེད་ལ་ཉམས་སྤྲོ་བའི་སྣང་བ་མང་པོ་ཞིག་སྦྱིན་ཐུབ་པར་སྨོན།   

བརྙན་ལ་ཞིབ་ཏུ་བལྟ་ས། 

https://v.qq.com/x/page/h0847bogzqj.html