དཔེ་རྙིང་57ཡོངས་ཁྱབ་ཞིབ་བཤེར་གསལ་འབྱེད་བྱུང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-03-14   རྩོམ་ཁུངས།    མི་དམངས་དྲ་བ།

        གསར་འགོད་པས་བོད་རང་སྐྱོང་ལྗོངས་དཔེ་རྙིང་སྲུང་སྐྱོང་ལྟེ་གནས་ནས་ཤེས་རྟོགས་བྱུང་གསལ། རྒྱལ་ཡོངས་ཀྱི་དཔེ་རྙིང་གཙོ་གནད་ཉར་ཚགས་བྱེད་མཁན་སྡེ་ཚན་ཏེ་ནོར་བུ་གླིང་ཁའི་དཔེ་རྙིང་ཚད་ལྡན་ཡིག་ཆ་ཞིབ་བཤེར་ལས་དོན་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་ཅིང་། མིག་སྔའི་བར། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་རིག་དངོས་57དང་རིམ་པ་གཉིས་པའི་རིག་དངོས་132 རིམ་པ་གསུམ་པའི་རིག་དངོས་214བཅས་ལ་ཞིབ་བཤེར་གསལ་འབྱེད་བྱུང་ཡོད་པ་རེད།

        ནོར་བུ་གླིང་ཁ་ནི་དུས་རབས་18པའི་དུས་དཀྱིལ་དུ་བཞེངས་ཤིང་། བོད་ཀྱི་གྲགས་ཅན་གྱི་གནའ་བོའི་འཛུགས་སྐྲུན་སྐྱེད་ཚལ་ཞིག་ཡིན་ལ། 1988ལོར་རྒྱལ་ཡོངས་ཀྱི་གལ་ཆེའི་རིག་དངོས་སྲུང་སྐྱོང་སྡེ་ཚན་ནང་བཀོད་པ་རེད།