ཀུའུ་ཁུན་གྱིས་ཡང་ཐང་གྲོང་རྡལ་དུ་བརྟག་ཞིབ་གནང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-03-13   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།  ཉེ་སྔོན།  ཁུལ་ཨུའི་ཧྲུའུ་ཅི།  ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཀུའུ་ཁུན་གྱིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཡང་ཐང་གྲོང་རྡལ་དུ་སྟོང་སྐུལ་ཞེས་པའི་བྱེད་སྒོ་སྤེལ་བའི་གནས་ཚུལ་ལ་བརྟག་ཞིབ་གནང་བར་ཕེབས།  ཁོང་གི་ནན་བཤད་གནང་དོན།  ས་ཆ་སྲུང་བར་འགན་འཁྲི་ཡོད་དགོས་པ་དང་འགན་འཁྲི་སྒྲུབ་དགོས།  སྟོང་སྐུལ་ཞེས་པའི་བྱེད་སྒོ་ཟབ་ཏུ་སྤེལ་དགོས་པ་དང་སྤྱི་ཚོགས་ཀྱི་འཆམ་མཐུན་བརྟན་བརླིང་ལ་ཁག་ཐེག་བྱེད་དགོས།  བདེ་ཆེན་གྱི་མཆོང་སྐྱོད་དར་འཕེལ་དང་ཡུན་རིང་བདེ་འགོད་ཡོང་བ་ལ་བྱས་རྗེས་གསར་པ་འབུལ་དགོས།

        ཀུའུ་ཁུན་གྱིས་བསྟན་དོན།  བདེ་ཆེན་གྱི་འཆམ་མཐུན་བརྟན་བརླིང་སྲུང་སྐྱོང་བྱེད་པ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་།  ཞིང་ཨུ།  ཞིང་ཆེན་སྲིད་གཞུང་བཅས་ཀྱིས་རང་ཁུལ་གྱི་རིམ་པ་ཁག་གི་ཏང་ཡོན་འགོ་ཁྲིད་ལས་བྱེད་པ་ལ་གནང་བའི་ཆབ་སྲིད་འགན་འཁྲི་གལ་ཆེན་ཞིག་ཡིན།  ང་ཚོས་བརྟན་བརླིང་ནི་འགན་འཁྲི་དང་པོ་ཡིན་པའི་འདུ་ཤེས་བརྟན་པོར་འཛུགས་དགོས་པ་དང་། བརྟན་བརླིང་ལས་ཀ་ཡག་པོ་སྒྲུབ་པ་དེ་འདུ་ཤེས་བཞི་ཤུགས་ཆེར་གཏོང་བ་དང་། ཡིད་རྟོན་བཞི་འཛུགས་པ། སྲུང་སྐྱོང་གཉིས་སྒྲུབ་པ།  ཀྲུང་དབྱང་གི་དུས་བབ་གསར་པའི་བོད་སྐྱོང་ཇུས་གཞི་དོན་འཁྱོལ་མཐའ་ཕྱིན་བྱེད་པའི་མཚོན་ཚུལ་ངོ་མར་བྱས་དགོས།   

        ཀུའུ་ཁུན་གྱིས་ད་ལོའི་སྟོང་སྐུལ་ཞེས་པའི་བྱེད་སྒོ་ཡག་པོ་སྤེལ་དགོས་ན།  དུད་ཞུགས་འཚམས་འདྲི་བརྟག་ཞིབ་བྱེད་དགོས་པ་དང་འགལ་བ་རྩོད་གཞིའི་མངོན་མེད་རྐྱེན་ངན་རྩད་ཞིབ་ཡག་པོ་བྱེད་དགོས།  ཆ་འཕྲིན་ལ་དབྱེ་བ་དང་ཞིབ་འཇུག་བྱེད་ཤུགས་ཆེར་བཏང་ནས་དུས་དང་པོར་གནད་དོན་མཐོང་བ་དང་གནད་དོན་ཐག་གཅོད་བྱེད་དགོས་ཞེས་པའི་བླང་བྱ་བཏོན་པ་རེད།                        (ཚེ་རིང་སྒྲོལ་མས་བསྒྱུར།)