མཚོ་བོད་ས་མཐོའི་འབྲི་གཡག་གི་“ཚེ་སྲོག་གི་གསང་གྲངས་”བཀྲོལ་མཁན་བོད་རིགས་ཀྱི་ བུད་མེད་འབུམ་རམས་པ།

རྩོམ་པ་པོ།   དུས་ཚོད།   2019-03-11   རྩོམ་ཁུངས།   

        1988ལོར། ཅི་ཆིའུ་མེ་བོད་ལྗོངས་མི་རིགས་སློབ་གླིང་(ད་ལྟའི་བོད་ལྗོངས་མི་རིགས་སློབ་ཆེན་)གྱི་ཞིང་འབྲོག་ཚན་ཁག་ནས་སློབ་མཐར་ཕྱིན་རྗེས། བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་ཕྱུགས་ལས་ཚན་རིག་སུའོ་རུ་ལས་བགོས་བྱས་ཏེ། འབྲི་གཡག་ཞིབ་འཇུག་གི་ལས་ཀ་གཉེར་པ་རེད། ཕྱིས་སུ་ཁོང་ཀྲུང་གོ་ཚན་རིག་ཁང་ས་ཁམས་ཚན་རིག་དང་ཐོན་ཁུངས་ཞིབ་འཇུག་སུའོ་རུ་མུ་མཐུད་ཟབ་སྦྱོང་དང་འབྲེལ་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་པར་ཕྱིན་ནས་འབུམ་རམས་པའི་སློབ་གནས་འཐོབ་ལ། 2002ལོར་རྒྱལ་ནང་དུ་ལོག་པ་རེད། 1965ལོར་སྐྱེས་པའི་ཅི་ཆིའུ་མེ་ནི་ཆུང་དུས་ནས་འབྲོག་ཁུལ་དུ་འཚར་ལོངས་བྱུང་བ་ཡིན་པས། སློབ་གྲྭ་ཐོན་རྗེས་སླར་ཡང་འབྲོག་ཁུལ་དུ་ལོག་ནས། ཚེ་གང་སྦྱོང་པའི་ཤེས་བྱ་བེད་སྤྱོད་བྱས་ནས་འབྲོག་ཁུལ་གྱི་མང་ཚོགས་ལ་ཞབས་འདེགས་ཞུས་པ་རེད།

        འབུམ་རམས་པ་ཅི་ཆིའུ་མེས་འབྲི་གཡག་ལ་ཞིབ་འཇུག་བྱས་པར་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད་ལ། ཁོང་དང་ཁོང་གི་ཚོགས་པས་འབྲི་གཡག་གི་གཞི་རྒྱུའི་སྙིང་ལྕགས་ཞིབ་འཇུག་གསར་སྤེལ་གྱི་ལས་དོན་ལེགས་འགྲུབ་བྱུང་བ་དང་། བོད་ཀྱི་ས་ཁོངས་གཙོ་བོ་17གྱི་འབྲི་གཡག་གི་རྒྱུད་པའི་ཐོན་ཁུངས་དང་སྣ་མང་རང་བཞིན་ལ་ཞིབ་འཇུག་བྱས་ནས། འབྲི་གཡག་ཐོན་ལས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་རེད། འོ་མ་ཐོན་མང་བའི་དུས་ཀྱི་འབྲི་གཡག་གི་གཟན་རྩྭ་གསབ་སྣོན་ལག་རྩལ་དང་། འབྲི་གཡག་སྐྱེ་འཕེལ་གྱི་འཚོ་བཅུད་སྙོམས་སྒྲིག་བྱེད་པའི་ལག་རྩལ་ཞིབ་འཇུག་གསར་སྤེལ་བྱས་པ་དང་། བོད་ལྗོངས་ཀྱི་འབྲོག་ཁུལ་དང་ས་མ་འབྲོག་ས་ཁུལ་དུ་འཚམ་པའི་འབྲི་གཡག་རྒྱགས་གསོ་བྱེད་སྟངས་དང་ཆ་སྒྲིག་ལག་རྩལ་གསར་འཛུགས་བྱས་པ་རེད། 2006ལོར། ཅི་ཆིའུ་མེ་ཡིས་འགོ་འཁྲིད་གནང་བའི་འབྲི་གཡག་གི་མངལ་སྤོ་འཇུག་གི་འགག་སྒྲོལ་ཞིབ་འཇུག་ལ་གྲུབ་འབྲས་ཐོབ་ཡོད་པ་རེད།

     ཅི་ཆིའུ་མེར་“ཀྲུང་གོའི་ན་གཞོན་བུད་མེད་ཚན་རིག་མཁས་ཅན་”ལ་སོགས་པའི་བྱ་དགའ་མང་པོ་ཐོབ་མྱོང་ཡོད་ལ། བྱ་དགའི་རྒྱབ་དུ་མི་དཀྱུས་མས་ནམ་ཡང་ཤེས་ཐབས་བྲལ་བའི་བློས་གཏོང་ཆེན་པོ་བྱས་ཡོད་པ་དེ་ཡིན། ད་བར།  ཁོང་གི་སྙིང་ལ་གཤགས་བཅོས་ཐེངས་གསུམ་བྱེད་མྱོང་ཡོད་པ་རེད།

     ལོ་ངོ་30ཡི་རིང་། བོད་ཀྱི་བུད་མེད་འབུམ་རམས་པ་འདིས་རང་ཉིད་ཀྱི་ཞིབ་འཇུག་ཟམ་མི་ཆད་པར་ཟབ་སྤེལ་བྱས་ལ། བོད་ཀྱི་འབྲི་གཡག་ཐོན་ལས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་རྒྱུར་རམ་འདེགས་བྱས་ཡོད་པ་དང་། འབྲོག་ཁུལ་གྱི་མང་ཚོགས་ཀྱི་དབུལ་སྒྲོལ་འབབ་འཕར་ལ་བློ་གྲོས་ལེགས་སྐྱེས་སུ་འབུལ་ཡོད་པ་རེད།



རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4500ཡོད་པའི་འདམ་གཞུང་རྫོང་ཡངས་པ་ཅན་གྲོང་རྡལ་དུ། ཅི་ཆིའུ་མེ་(གཡོན་)དང་ལས་རོགས་ཀྱིས་གཟན་རྩྭ་འདེབས་འཛུགས་ཀྱི་འཆར་གཞིར་ཞིབ་འཇུག་བྱེད་བཞིན་པ།


ཅི་ཆིའུ་མེས་བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་གི་ཕྱུགས་ལས་ཚན་རིག་སུའོ་རུ་ཚོད་ལྟའི་དཔེ་དབྱིབས་ལ་ལྟ་བཞིན་པ།

  • ཅི་ཆིའུ་མེས་ལྷ་སར་ཡོད་པའི་ཚོད་ལྟ་ཁང་དུ་ལས་ཀ་སྒྲུབ་བཞིན་པ།

     ཅི་ཆིའུ་མེས(གཡས་ཀྱི་གཉིས་པ་)ལྷ་སའི་ཤར་ཕྱོགས་ཀྱི་སྤྱི་ལེ་100ཡི་སར་ཡོད་པའི་སྲིབ་པོ་འབྲོག་རར་

  • འབྲི་གཡག་གི་སྐྱེ་ཚུལ་ལ་ཞིབ་འཇུག་བྱེད་བཞིན་པ།


  •