མཐའ་ཆུའི་སྤྲེའུ་སྤུ་སེར་རྒྱལ་ཁབ་སྤྱི་གླིང་གི་སྤྲེའུ་རྒྱལ་གཟུགས་རིང་ཚང་དུ་སྤྲེའུ་ཕྲུག་ཅིག་སྐྱེས་པ།

རྩོམ་པ་པོ།   སུང་ཞའོ་པའོ།  ཡིག་བསྒྱུར།       དུས་ཚོད།   2019-03-06   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        ཟླ3པའི་ཚེས2ཉིན།འབའ་ལུང་རྫོང་མཐའ་ཆུ་གྲོང་རྡལ་གྱི་ཡུན་ནན་སྤྲེའུ་སྤུ་སེར་རྒྱལ་ཁབ་སྤྱི་གླིང་ནང་དུ།ཡུན་ནན་སྤྲེའུ་སྤུ་སེར་འགའ་མཆོང་ལྡིང་བྱེད་ཞོར་དགའ་སྤྲོའི་ལས་ལ་བྲེལ་བ་དང་། སྤྲེའུ་རྒྱལ་གཟུགས་རིང་དུ་འབོད་པ་དེས་རང་ཚང་དུ་སྤྲེའུ་ཕྲུག་ཅིག་སྐྱེས་པར་ཡིད་ཚིམ་པའི་རྣམ་འགྱུར་སྟོན་བཞིན་འདུག  རང་ཚང་དུ་སྤྲེའུ་ཕྲུག་གསར་བ་ཞིག་སྐྱེས་པས་བཟའ་མི་ཚོས་རེས་མོས་ཀྱིས་སྤྲེའུ་ཕྲུག་ལ་བདག་སྐྱོང་བྱས་ནས་བརྩེ་བ་མཚོན་གྱི་ཡོད།

            ཉེ་བའི་ལོ་འགའི་རིང་ལ།  བདེ་ཆེན་ཁུལ་གྱིས་སྐྱེ་ཁམས་སྲུང་སྐྱོང་སྔར་ལས་ཇེ་ལེགས་སུ་བཏང་བ་དང་བསྟུན་ནས། ས་གནས་ཀྱིས་སྤྲེའུ་སྤུ་སེར་ལ་ཡང་སྲུང་སྐྱོང་གང་ལེགས་བྱས་ཡོད་ཅིང་། གྲངས་འབོར་ཇེ་མང་དུ་འཕར་ཡོད།