བདེ་ཆེན་མང་ཚོགས་ཀྱིས་རྒྱལ་ཡོངས་ཚོགས་ཆེན་གཉིས་ལ་དོ་ཁུར་བྱེད་བཞིན་ཡོད།

རྩོམ་པ་པོ།   དུས་ཚོད།   2019-03-06   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་3པའི་ཚེས་3ཉིན་ནས་བཟུང་།   རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་རྒྱལ་ས་པེ་ཅིང་དུ་འཚོགས་འགོ་བརྩམས་པ་དང་།  བདེ་ཆེན་གྱི་མང་ཚོགས་དག་གིས་ཚགས་པར་དང་བརྙན་འཕྲིན།  གློག་ཀླད།   ཁ་པར་སོགས་བརྒྱུད་ནས་ཚོགས་ཆེན་གཉིས་ཀྱི་འཁྲུག་ཆ་དོད་པོའི་གནས་ཚུལ་ལ་དོ་ཁུར་བྱས་པ་རེད། 

        སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཕྱི་དོན་དང་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱི་རྒྱུན་ལས་ཀྲུའུ་རེན་གཞོན་པ་ཧོ་དབྱིས་ལི་ཁེ་ཆང་ཙུང་ལིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་བྱས་ནས་སྲིད་གཞུང་གི་ལས་ཀའི་སྙན་སེང་ཁྲོད་ཡུལ་སྐོར་ཐོན་ལས་དར་འཕེལ་ཤུགས་ཆེར་གཏོང་བ་ལ་འབྲེལ་ཡོད་བླང་བྱ་བཏོན་པ་དང་།  2019ལོར། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཡུལ་སྐོར་དར་འཕེལ་ཨུ་ལྷན་གྱིས་གོང་རིམ་གྱི་བཀོད་སྒྲིག་ལྟར་སྔར་ལས་ལྷག་པར་སེམས་ཀྱི་ཉི་ཟླའི་ཡུལ་སྐོར་ཁྲོམ་ར་བཅོས་སྒྲིག་བྱ་རྒྱུ་ཡིན་པ་དང་། ནུས་ཤུགས་ཡོད་རྒུས་ཁུལ་ཡོངས་ཡུལ་སྐོར་དར་འཕེལ་བཏང་ནས་སེམས་ཀྱི་ཉི་ཟླ་མི་ཀུན་གྱི་ཡིད་དབང་འཕྲོག་པའི་ས་ཆར་འགྱུར་བཅུག་རྒྱུ་ཡིན་ཞེས་ཟེར།

        དུས་རབས་གསར་པའི་གནས་བབས་འོག་དྲིལ་བསྒྲགས་བསམ་བློ་ལས་འགན་ཆེ་ལ་ལམ་ཐག་རིང་ཞིང་།  ངས་རྒྱུན་མི་ཆད་པར་ཤེས་བྱ་གསར་པ་ཁོང་དུ་ཆུད་དགོས་པ་དང་མཐོང་རྒྱ་ཇེ་ཆེར་གཏོང་པ་སོགས་བྱས་ནས།  གྲོང་ཁྱེར་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་དང་སྤྱི་ཚོགས་ཡར་ཐོན་བྱ་གཞག་ལ་རང་གི་ནུས་ཤུགས་གང་ཡོད་བཏོན་རྒྱུ་ཡིན་ཞེས་སེམས་ཀྱི་ཉི་ཟླ་གྲོང་ཨུའི་དྲིལ་བསྒྲགས་པུའུ་ཡི་ཀའོ་ཡན་གྱིས་འདི་ལྟར་ཟེར་བྱུང་།

        འཇོལ་རྫོང་ཧྥོ་ཧྲན་ཤང་ཅང་ཕོ་གྲོང་སྡེའི་ཙུང་ཀྲི་ཧྲུའུ་ཅི་བཀྲ་ཤིས་ནོར་བུས་ལི་ཁེ་ཆང་ཙུང་ལིས་སྲིད་གཞུང་གི་ལས་ཀའི་སྙན་སེང་གིས་གནད་སྨིན་དབུལ་སྐྱོར་གྱི་དམག་འཐབ་ཡག་པོ་འཛིན་པ་དང་།  ཞིང་ལས་ཁྱར་པར་དུ་འབྲུ་རིགས་ཐོན་སྐྱེད་ལ་དམ་འཛིན་བྱེད་པ།  གྲོང་གསེབ་འཛུགས་སྐྲུན་ཏན་ཏིག་ངང་སྐུལ་འདེད་གཏོང་བ།   ཕྱོགས་ཡོངས་ནས་གྲོང་གསེབ་བསྒྱུར་བཅོས་ཟབ་ཏུ་གཏོང་བ་ཞེས་པའི་གཞི་རིམ་ཞིང་པ་དང་འབྲེལ་བའི་གནད་དོན་བཞི་ནས་ཏང་དང་སྲིད་གཞུང་གི་དམ་བཅའ་བ་དང་།  གཞི་རིམ་ལས་བྱེད་པའི་ལས་ཀ་ལ་ཁ་ཕྱོགས་བསྟན་བྱུང་ཞེས་ཟེར།

        གནད་སྨིན་དབུལ་སྐྱོར་ལས་ཀ་འགོ་ཚུགས་པ་ནས་བཟུང་།  རྒྱལ་ཁབ་ཀྱིས་གྲོང་གསེབ་དང་ཞིང་ལས་ལ་མ་དངུལ་འཇོག་གྲངས་ཇེ་ཆེར་གཏོང་བ་དང་།  ང་ཚོའི་སྡེ་བ་ལ་འགྱུར་ལྡོག་ཆེན་པོ་བྱུང་འདུག   ཚོགས་ཆེན་གཉིས་དུ་གྲོང་གསེབ་འཛུགས་སྐྲུན་གྱི་ལས་ཀའི་དམིགས་འབེན་བཏོན་པ་དང་ང་ཚོའི་ཕ་ཡུལ་དེ་བས་ཡག་པོར་འགྱུར་བར་སྨོན་ཞེས་འཇོལ་རྫོང་ཡུན་ལིང་ཤང་གསལ་ནང་གྲོང་སྡེའི་གྲོང་མི་རྒྱ་གསུམ་གྱིས་འདི་ལྟར་བཤད།