སྲོལ་རྒྱུན་མི་རིགས་ལག་ཤེས་བཟོ་རྩལ་རྒྱུན་འཛིན་བྱས་ནས་དབུལ་གྲོལ་ཕྱུག་འགྱུར་ལམ་དུ་སྐྱོད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-03-06   རྩོམ་ཁུངས།    བོད་ལྗོངས་གསར་འགྱུར་དྲ་བ།

        ཉེ་བའི་ལོར།  རང་ལྗོངས་ཀྱིས་སྲོལ་རྒྱུན་མི་རིགས་ལག་ཤེས་བཟོ་རྩལ་རྒྱུན་འཛིན་བྱས་པས།  ཐོན་ལས་གོང་འཕེལ་དང་ཁེ་ལས་རྒྱ་སྐྱེད།  ཤེས་ལྡན་མི་སྣ་གསོ་སྐྱོང་སོགས་ཀྱི་ཐད་གྲུབ་འབྲས་བཟང་པོ་ཐོན་ཡོད་ལ།  ཐོན་རྫས་སྣེ་ཁ་འཛོམས་པ་དང་ས་ཁོངས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པ།  ཁེ་ལས་ཀྱི་ཕན་འབྲས་བཟང་པོ་ཐོན་པ།  འཕེལ་རྒྱས་ཀྱི་རྣམ་པ་གང་ལེགས་མངོན་པ་བཅས་བྱུང་ཡོད།  མི་རིགས་ལག་ཤེས་བཟོ་ལས་ནི་ངལ་རྩོལ་པ་རུབ་བསྡུས་བྱེད་ཤུགས་ཆེ་བའི་རང་ལྗོངས་ཀྱི་སྲོལ་རྒྱུན་ཐོན་ལས་ཆེ་མོ་གསུམ་གྱི་གྲས་ཤིག་ཡིན་པའི་ངོས་ནས།  ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་དགོས་མཁོ་བསྐོང་ཐུབ་པ་དང་ཆབས་ཅིག་ལས་ཞུགས་ཀྱི་ལམ་བུ་ཡང་རྒྱ་ཆེར་གཏོད་ཐུབ་ཀྱི་ཡོད་པས།  མི་རིགས་ཀྱི་རིག་གནས་སྲུང་སྐྱོང་དང་དར་སྤེལ་གཏོང་རྒྱུ་དང་།  དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུའི་ཐད་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་ཐོན་བཞིན་ཡོད་ལ་རང་ལྗོངས་ཀྱི་དབུལ་གྲོལ་འགག་སྒྲོལ་ལས་དོན་ཐད་ལ་ཡང་ནུས་པ་ཆེན་པོ་ཐོན་བཞིན་ཡོད།།