བདེ་ཆེན་ནས་ཀོང་ཀྲུའུ་དང་ཧྲང་ཧའེ་བར་གྱི་མཁའ་ལམ་ཤར་གཏོང་ཐུབ་རྒྱུ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-03-05   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།  ཟླ་2པའི་ཚེས་21ཉིན་ནས་ཚེས་25ཉིན་གྱི་བར་དུ་ཧྲན་ཏུང་ཅི་ནན་ནས་འཚོགས་པའི་རྒྱལ་ཡོངས་དམངས་སྤྱོད་མཁའ་འགྲུལ་དབྱར་སྟོན་དུས་ཚིགས་ཀྱི་མཐུན་སྦྱོར་ཚོགས་འདུ་ནས་ཤེས་རྟོགས་བྱུང་དོན།  ཤར་ཕྱོགས་མཁའ་འགྲུལ་ཡུན་ནན་ཚད་ཡོད་ཀུང་སིས་ཟླ་3པའི་ཟླ་མཇུག་ཏུ་ཀོང་ཀྲུའུ་ནས་བདེ་ཆེན་བར་གྱི་ཐད་འཕུར་མཁའ་ལམ་ཤར་གཏོང་བྱེད་རྒྱུ་ཡིན་པ་དང་།  ཤར་ཕྱོགས་མཁའ་འགྲུལ་ཀུང་སིའི་སྤྱི་ཁྱབ་པུའུ་ཡིས་ཟླ་5པའི་ཟླ་མཇུག་ནས་ཟླ་6པའི་ཟླ་འགོའི་བར་ཧྲང་ཧའེ་ནས་བདེ་ཆེན་བར་གྱི་ཐད་འཕུར་མཁའ་ལམ་ཤར་གཏོང་བྱེད་རྒྱུ་ཡིན།  དེ་མིན་ཧྲིན་ཀྲིན་ནས་བདེ་ཆེན་བར་གྱི་མཁའ་ལམ་དབྱར་སྟོན་དུས་ཚིགས་སུ་རྒྱུན་མཐུད་རྒྱུ་ཡིན་པ་དང་།  བོད་ལྗོངས་མཁའ་འགྲུལ་ཀུང་སིས་ཟླ་3པའི་ཟླ་མཇུག་ཏུ་ལྷ་ས་ནས་བདེ་ཆེན་བར་གྱི་འགྲོ་འོང་མཁའ་ལམ་(གཟའ་འཁོར་རེར་ཐེངས་དྲུག)ཤར་གཏོང་བྱེད་རྒྱུ་རེད།

        ལོ་ནང་།  བདེ་ཆེན་གྱི་མཁའ་ལམ་དྲ་བས་པེ་ཅིང་དང་ཧྲང་ཧའེ།  ཀོང་ཀྲུའུ།  ཧྲིན་ཀྲིན་བཅས་རིམ་པ་དང་པོའི་གྲོང་ཁྱེར་དུ་་ཁྱབ་རྒྱུ་ཡིན་པ་དང་།  2019ལོའི་དབྱར་དུས་སུ་བདེ་ཆེན་གནམ་གྲུ་ཐང་གིས་ཉིན་རེ་གནམ་གྲུའི་ལན་གྲངས་20ཟིན་རྒྱུ་ཡིན་པ་དང་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་རྒྱུ་རེད།

        ད་ལོར།  བདེ་ཆེན་གནམ་གྲུ་ཐང་གིས་ཧྲིན་ཀྲིན་དང་ཀོང་ཀྲུའུ།  ཧྲང་ཧའེ་སོགས་ཀྱི་རིམ་པ་དང་པོའི་གྲོང་ཁྱེར་བར་ཐད་འཕུར་མཁའ་ལམ་ཤར་གཏོང་བྱེད་པ་དེ་ལོ་འཁོར་གྱི་ལས་ཀའི་འགན་འཁྲི་གལ་ཆེན་དུ་བྱས་པ་དང་།  ཀྲུང་དབྱང་གི་གནད་སྨིན་དབུལ་སྐྱོར་འཐབ་ཇུས་དང་ཟུང་འབྲེལ་བྱས་ནས།  ནུས་ཤུགས་ཆེན་པོས་བདེ་ཆེན་གྱི་མཁའ་འགྲུལ་ཁྲོམ་ར་རྒྱ་ཆེར་གཏོང་བ་དང་བདེ་ཆེན་གྱི་ཡུལ་སྐོར་ཐོན་ལས་དར་འཕེལ་ལ་རོགས་སྐྱོར་བྱེད་རྒྱུ་རེད།