པར་ལེན་མཁན་གྱིས་བར་ཐག་ཉེ་བའི་ས་ནས་གླ་བ་པར་ལེན་བྱས་པ།

རྩོམ་པ་པོ།   དུས་ཚོད།   2019-03-05   རྩོམ་ཁུངས།    མི་དམངས་དྲ་བ།

        ཉེ་ཆར། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་པར་ལེན་མཁན་ནོར་བུ་དགྲ་འདུལ་གྱིས་ཡུལ་ཤུལ་གྲོང་ཁྱེར་འབའ་ཐང་ཤང་ནང་ཁོངས་ནས་གླ་བའི་པར་བླངས་ཡོད་ཅིང་། ཤེས་རྟོགས་བྱུང་བར་གཞིགས་ན། གླ་བའི་འཚོ་གནས་ས་ཆ་ནི་རྒྱ་མཚོའི་ངོས་ལས་ས་བབ་མཐོ་ཚད་སྨི་2500ནས་5000བར་གྱི་ལོ་མ་ཕྲ་རིགས་ཀྱི་ནགས་ཚལ་དང་རི་མཐོའི་སྡོང་ཐུང་ནགས་རྫོབ་ཡིན་ཞིང་། ཀྲུང་གོ་དང་།  འབྲུག་པ། རྒྱ་གར། བལ་ཡུལ་བཅས་རྒྱལ་ཁབ་ཏུ་ཁྱབ་ཡོད། ཀྲུང་གོའི་རྒྱལ་ཁབ་རིམ་པའི་སྲུང་སྐྱོང་སྲོག་ཆགས་ཀྱི་རིམ་གྲས་ཡིན་ཞིང་། གླ་བ་ནི་2008ལོར་《འཛམ་གླིང་རང་བྱུང་སྲུང་སྐྱོང་མནའ་འབྲེལ》(IUCN)ཡི་སྟོངས་ལ་ཉེ་བའི་སྲོག་ཆགས་མིང་ཐོ་དམར་པོའི་ནང་བཀོད་ཡོད་པ་རེད།