ཀྲའོ་ཅིན་གྱིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་བརྟག་ཞིབ་གནང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-03-01   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།    ཉེ་སྔོན། ཡུན་ནན་ཞིང་ཨུའི་རྒྱུན་ཨུ།ཞིང་ཨུའི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཀྲའོ་ཅིན་གྱིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་རྒྱལ་ཡོངས་དཔལ་ཡོན་གྲོང་ཁྱེར་འཛུགས་སྐྲུན་ལས་ཀར་བརྟག་ཞིབ་གནང་སྐབས་སྔར་ལས་ལྷག་པའི་སྒོ་ནས་དཔལ་ཡོན་གྲོང་ཁྱེར་གྱི་འཛུགས་སྐྲུན་ལས་དོན་གཏིང་ཟབ་ཏུ་སྤེལ་དགོས་པ་དང་།དམངས་བདེ་དམངས་ཕན་ཀྱི་འདུ་ཤེས་མངོན་གསལ་དོད་པོ་ཡིན་དགོས།རྣམ་གྲངས་སོ་སོའི་ལས་དོན་ཁག་ཡག་པོ་བསྒྲུབས་ནས།བོད་ཁུལ་མང་ཚོགས་ཀྱི་ཐོབ་སེམས་དང་སྐྱིད་སྣང་ཟམ་མི་ཆད་པར་མཐོར་གཏོང་བྱེད་དགོས་ཞེས་ནན་གྱིས་བསྟན་པ་རེད།

        ཁུལ་ཨུའི་ཧྲུའུ་ཅི། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཀུའུ་ཁུན་དང་།   ཁུལ་དང་གྲོང་ཁྱེར་གྱི་འབྲེལ་ཡོད་འགོ་ཁྲིད་ཀྱིས་ལྷན་དུ་བརྟག་ཞིབ་གནང་བ་རེད།

        བརྟག་ཞིབ་གནང་སྐབས། ཀྲའོ་ཅིན་གྱིས་རྡོ་མཁར་རྫོང་ཕུན་ཚོགས་ཁྲོམ་ར་དང་སེམས་ཀྱི་ཉི་ཟླའི་ཟློས་གར་གླིང་། ཀླུ་ཆུའི་སྤྱི་གླིང་སོགས་སུ་སོང་སྟེ། ནན་ཏན་གྱིས་སྙན་ཞུ་ལ་གསན་ནས། འབྲེལ་ཡོད་ལས་དོན་སྤེལ་ཚུལ་ལ་རྒྱུས་ལོན་བྱས་པ་རེད།

ཀྲའོ་ཅིན་གྱིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་འཕེལ་རྒྱས་འགྱུར་ལྡོག་དང་དཔལ་ཡོན་གྲོང་ཁྱེར་འཛུགས་སྐྲུན་གྱི་ལས་དོན་ལ་ཁས་ལེན་གང་ལེགས་གནང་བ་དང་། ཁོང་གིས་དཔལ་ཡོན་གྲོང་ཁྱེར་འཛུགས་སྐྲུན་ནི་དཔལ་ཡོན་གཉིས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་བཏང་བ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་ཐབས་ལམ་ཕན་ནུས་ལྡན་པ་ཞིག་ཡིན་པ་མ་ཟད། བདེ་ཆེན་འདི་ཉིད་རྒྱལ་ཡོངས་ཆེས་མཛེས་པའི་བོད་ཁུལ་དུ་འཛུགས་སྐྲུན་གྱི་དགོས་གཏུགས་ཀྱི་བླང་བྱ་ཡིན་པ་རེད་ཅེས་བསྟན་པ་རེད།

        ཀྲའོ་ཅིན་གྱིས་རྗེས་ཕྱོགས་ཀྱི་དཔལ་ཡོན་གྲོང་ཁྱེར་འཛུགས་སྐྲུན་གྱི་ལས་དོན་ཁྲོད། བདེ་ཆེན་ཁུལ་གྱི་རིམ་པ་ཁག་དང་སྡེ་ཁག་སོ་སོས་གཅིག་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྟོན་དུ་འཛིན་ནས།དོན་དངོས་ཀྱིས་ས་གནས་དེ་གའི་དཔལ་འབྱོར་དང་ཆབ་སྲིད། རིག་གནས། སྤྱི་ཚོགས།སྐྱེ་ཁམས་དཔལ་ཡོན་དང་ཏང་འཛུགས་སྐྱོང་སོགས་ཕྱོགས་ཡོངས་ནས་འཕེལ་རྒྱས་བྱུང་བར་སྐུལ་འདེད་བྱེད་དགོས།གཉིས་ནས་ཐོག་མཐའ་བར་གསུམ་དུ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་བསྟར་བྱེད་རྒྱུ་གཙོ་རྐང་དུ་བྱས་ཏེ་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སློབ་སྦྱོང་དང་དར་སྤེལ་བཏང་དགོས།གསུམ་ནི་མི་རིགས་རིག་གནས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པར་བྱས་ནས།ས་གནས་དེ་གའི་མི་རིགས་རིག་གནས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་དགོས།བཞི་ནི་མི་རྩ་བར་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས།མང་ཚོགས་ནང་དུ་ཞུགས་པར་རྒྱ་ཁྱབ་ཏུ་སྐུལ་སློང་བྱས་ཏེ་མཉམ་སྐྲུན་མཉམ་སྤྱོད་བྱེད་དགོས་ཞེས་བསྟན་པ་རེད།                    (པདྨ་མཚོས་བསྒྱུར།)