བོད་ཀྱི་ཞིང་འབྲོག་མང་ཚོགས་ཁྲི་30“ནགས་ལས་སྲུང་དམག་”ལ་གྱུར་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-03-01   རྩོམ་ཁུངས།    ཤིན་ཧྭ་དྲ་བ།

        2018ལོའི་ཟླ་3ཚེས་22ཉིན། ཀྲུང་གོ་སྒུལ་བདེ་བོད་ལྗོངས་ཀུང་སིའི་དང་བླངས་པས་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཚལ་སྣེ་ཤང་བཀྲ་ཤིས་དུས་བཞི་གྲོང་གི་ནགས་སར་འོས་འགན་ཤིང་འཛུགས་ནགས་བཟོ་བྱེད་བཞིན་པ། 

        ཚེས་26ཉིན་གསར་འགོད་པས་བོད་རང་སྐྱོང་ལྗོངས་ནགས་ལས་དང་རྩྭ་ཐང་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། 2018ལོར་བོད་ལྗོངས་ཀྱིས་སྣོད་བཅུད་སྐྱིན་གསབ་ལག་བསྟར་བྱེད་པའི་་དབུལ་སྒྲོལ་འགག་སྒྲོལ་གྱི་སྣོད་བཅུད་ནགས་སྲུང་པའི་ལས་གནས་ཁྲི་30.9མཁོ་འདོན་བྱས་ནས། ཞིང་འབྲོག་པར་འབབ་འཕར་སྒོར་དུང་ཕྱུར་10ལྷག་ཡོང་རྒྱུའི་སྐུལ་ཁྲིད་བྱས་པ་རེད།

རང་རྒྱལ་གྱི་སྣོད་བཅུད་བདེ་འཇགས་ཀྱི་སྲུང་ཡོལ་གལ་ཆེན་ཞིག་ཡིན་པས། བོད་ལྗོངས་ལ་རྒྱ་ཁྱོན་ཆེ་བའི་གདོད་མའི་ནགས་ཚལ་ཡོད་པ་དང་། ནགས་ཚལ་ཚོམ་བུའི་གྲུབ་ཆ་འཐུས་སྒོ་ཚང་ལ། ནགས་ཚལ་ཐོན་ཁུངས་མང་ཆེ་བ་རང་བྱུང་དང་གདོད་མའི་ནགས་ཚལ་ཡིན་ལ། སྐྱེ་ཁམས་མ་ལག་བརྟན་པོ་ཡོད་པ་རེད།

        བོད་རང་སྐྱོང་ལྗོངས་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཏང་ཙུའི་ཁོངས་མི། སྐོར་ཞིབ་པ་ཟླ་བ་ཚེ་རིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། 2018ལོར་བོད་ལྗོངས་ཀྱིས་རྒྱལ་ཁབ་ས་ཆ་སྔོ་ལྗང་ཅན་དུ་སྒྱུར་བའི་བྱེད་སྒོ་གཏིང་ཟབ་སྤེལ་ནས། “གཙང་པོ་གཉིས་དང་ཆུ་བོ་བཞིའི་”འབབ་རྒྱུད་ཀྱི་ནགས་བཟོ་སྔོ་འགྱུར་དང་། ཞིང་དོར་ནགས་སྤེལ། བྱེ་འགོག་བྱེ་བཅོས་སོགས་ཀྱི་ལས་གྲྭ་སྤེལ་བས། ལོ་ཧྲིལ་པོར་ཤིང་འཛུགས་ནགས་བཟོའི་རྒྱ་ཁྱོན་མུའུ་ཁྲི་112ཟིན་ཡོད། དེ་དང་དུས་མཚུངས། མ་དངུལ་སྒོར་དུང་ཕྱུར་3ལྷག་བཏང་ནས། “ལྗོན་ཤིང་མེད་པའི་གྲོང་ཚོ་”863དང་“ ལྗོན་ཤིང་མེད་པའི་དུད་ཚང་”ཁྲི་8ལྷག་ཉུང་དུ་བཏང་ཡོད་པ་རེད།

        ནགས་བཟོ་སྔོ་སྒྱུར་ཧུར་ཐག་བྱས་པ་དང་ཆབས་ཅིག་བོད་ལྗོངས་ཀྱིས་ཧུར་བརྩོན་ཆེན་པོས་ནགས་ལས་ཀྱི་“སྐྱེ་ཁམས་ཁེ་བཟང་”འདོན་པ་རེད། 2018ལོར་བོད་ལྗོངས་ཀྱིས་ཞིང་འབྲོག་མང་ཚོགས་སྒྲིག་འཛུགས་བྱས་ནས་ནགས་ལས་ཐོན་ཁུངས་དོ་དམ་དང་སྐྱེ་ཁམས་སྲུང་སྐྱོང་བྱེད་པའི་ནང་ཞུགས་བཅུག་ནས། ཞིང་འབྲོག་མང་ཚོགས་ལ་འབབ་འཕར་སྒོར་དུང་ཕྱུར་15ཡོང་བ་བྱས་པ་རེད། 《བོད་ལྗོངས་ནགས་ལས་ཀྱིས་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་ལ་རྒྱལ་ཁ་ཐོབ་རྒྱུར་རམ་འདེགས་བྱེད་པའི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི་》བཟོས་པ་དང་། སྣོད་བཅུད་ནགས་སྲུང་བའི་དོ་དམ་བྱེད་ཐབས་བཏོན་ནས། ནགས་ལས་ཀྱི་དབུལ་སྐྱོར་ཆེད་དོན་མ་དངུལ་སྒོར་དུང་ཕྱུར་1.05དང་བསྡུ་སྒྲིལ་མ་དངུལ་སྒོར་དུང་ཕྱུར་8.5ཙམ་བརྩོན་ལེན་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལ་རྒྱབ་སྐྱོར་བྱས་པ་རེད།

        “བོད་ཀྱི་སྔོ་ལྗང་མཛེས་ལྗོངས་ཁུལ་”ཞེས་གྲགས་པའི་ཉིང་ཁྲིའི་ནགས་ཚལ་ཁྱབ་ཚད་47.6%ཟིན་པ་དང་། ལོ་45ཡིན་པའི་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་ཀླུ་ནང་གྲོང་རྡལ་གྱི་བུམ་པ་ཚལ་གྲོང་ཚོའི་གྲོང་མི་སྤེན་པ་ཚེ་རིང་གིས་ཉིན་རེའི་ཞོགས་ཟས་བཟས་རྗེས།  སྟོད་གོས་སེར་པོ་གྱོན་པ་དང་། དཔུང་རྟགས་དམར་པོ་བཏགས་པ། ནགས་ཚལ་མེ་ཟོན་གྱི་སྒྲིག་ཆས་ཁག་འཁུར་ནས་རོགས་པ་གཉིས་དང་མཉམ་དུ་ཕྱིར་རི་སྐོར་བྱེད་པར་ཕྱིན་ནས་ནགས་ཚལ་བསྲུང་གི་ཡོད།

སྤེན་པ་ཚེ་རིང་གིས་“ནགས་ཚལ་སྲུང་སྐྱོང་བྱེད་པ་ནི་ང་ཚོའི་ཐུན་མོང་གི་ཁྱིམ་གཞིས་སྲུང་སྐྱོང་བྱས་པ་ཡིན་ལ། སྲིད་གཞུང་གིས་ད་དུང་ཟླ་རེར་ང་ཚོར་ཁ་གསབ་རོགས་དངུལ་སྤྲོད་ཀྱི་ཡོད་པས། མུ་མཐུད་ནས་ལས་ཀ་དེ་བྱེད་ཐུབ་པའི་རེ་བ་ཡོད་”ཅེས་བརྗོད།

        2018ལོའི་ཟླ་3ཚེས་22ཉིན། ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཚལ་སྣེ་ཤང་བཀྲ་ཤིས་དུས་བཞི་གྲོང་གི་ནགས་སར་དང་བླངས་པ་ཞིག་གིས་གསར་དུ་འཛུགས་པའི་སྡོང་ཕྲུག་ལ་ཆུ་གཏོང་བཞིན་པ།