ད་ལོར་ཡུན་ནན་གྱིས་གྲོང་གསེབ་ཀྱི་གཞུང་ལམ་སྤྱི་ལེ་ཁྲི1བསྐྲུན་རྒྱུ།

རྩོམ་པ་པོ།   ཚེ་དོན།  ཡིག་བསྒྱུར།       དུས་ཚོད།   2019-02-28   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

      ཡུན་ནན་ཞིང་ཆེན་གྱིས་འགྲིམ་འགྲུལ་དབུལ་སྐྱོར་གྱི་དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་འཐབ་ཇུས་ལ་ཞབས་འདེགས་ཞུ་བའི་དུས་མཚམས་གཉིས་ཀྱི་ལས་འགན་དང་དམིགས་ཚད་སྤྱི་འདོམས་བྱས་ཏེ་གྲོང་གསེབ་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་སྤྱི་པའི་ཞབས་ཞུའི་རིམ་པ་མཐོར་གཏོང་ལ་སྐུལ་འདེད་ཏན་ཏིག་བཏང་ནས2019ལོར་གྲོང་གསེབ་ཀྱི་གཞུང་ལམ་སྤྱི་ལེ་ཁྲི1གསར་སྐྲུན་དང་བསྐྱར་སྐྲུན་ལས་འགན་ལེགས་སྒྲུབ་བྱ་རྒྱུ་ཡིན་པ་རེད།

      ངོ་སྤྲོད་བྱས་པར་གཞིགས་ན།ད་ལོ་གྲོང་གསེབ་ཀྱི་གཞུང་ལམ་སྤྱི་ལེ་ཁྲི་1གསར་སྐྲུན་དང་བསྐྱར་སྐྲུན་གྱི་དམིགས་ཚད་ལེགས་སྒྲུབ་བྱ་ཆེད།ཡུན་ནན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་ས་ཁུལ་དབུལ་པོའི་ཡུལ་སྐོར་ལམ་བུ་དང་།ཐོན་ཁུངས་ལམ་བུ།ཐོན་ལས་ལམ་བུ་བཅས་འཛུགས་སྐྲུན་ལ་མུ་མཐུད་སྐུལ་འདེད་བཏང་ནས་གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་ལ་རོགས་སྐྱོར་བྱ་རྒྱུ་དང་།གུ་དོག་པའི་ལམ་ངོས་བསྐྱར་སྐྲུན་ལས་གྲྭ་འཛུགས་སྐྲུན་ལ་མུ་མཐུད་སྐུལ་འདེད་གཏོང་རྒྱུ། ཐད་ཀར་བར་བརྒལ་གྱི་མི་རིགས་དང་མཐའ་མཚམས་ས་ཁུལ་གྱི་དུད་ཚང20ཡན་གྱི་རང་བྱུང་གྲོང་ཚོའི་འགྲོ་ལམ་ཨར་འདམ་ཅན་འཛུགས་སྐྲུན་ལ་མུ་མཐུད་རྒྱབ་སྐྱོར་བྱ་རྒྱུ།ས་ཁུལ་གསུམ་དང་ཁུལ་གསུམ་སོགས་ཤིན་ཏུ་དབུལ་བའི་རྫོང་27གྱི་དུད་ཚང་50ཡན་གྱི་གནས་སྤོ་བྱེད་མི་དགོས་པའི་རང་བྱུང་གྲོང་ཚོའི་འགྲོ་ལམ་ཨར་འདམ་ཅན་འཛུགས་སྐྲུན་ལ་མུ་མཐུད་སྐུལ་འདེད་གཏོང་རྒྱུ།གཞན་ཡང་།ཡུན་ནན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་ཤང་གྲོང་དང་སྒྲིག་ཚུད་གྲོང་ཚོའི་ཨར་འདམ་ཅན་གྱི་འགྲོ་ལམ་ཤར་བགྲོད་ཡོད་པ་ནས་མེད་པར་འགྱུར་བ་དང་སྣུམ་ནག་ལམ་ནས་བྱེ་རྡོའི་ལམ་དུ་འགྱུར་བའི་ལམ་དུམ་བཅོས་སྒྲིག་ཧུར་ཐག་བྱས་ཏེ་སྒྲིག་ཚུད་གྲོང་ཚོའི་འགྲོ་ལམ་ཨར་འདམ་ཅན་གྱི་འཛུགས་སྐྲུན་ཕན་འབྲས་སྲ་བརྟན་དུ་གཏོང་རྒྱུ་ཡིན་པ་རེད།       ཤེས་རྟོགས་བྱུང་བར་གཞིགས་ན།2018ལོའི་ལོ་མཇུག་བར།ཡུན་ནན་ཞིང་ཆེན་གྱི་སྒྲིག་ཚུད་གྲོང་ཚོར་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་ཚད་དང་སྦྲག་བསྐུར་ཤར་གཏོང་ཐུབ་ཚད་བརྒྱ་ཆའི་གོ་བཞི་ཚེག་བཞི་དགུ་དང་བརྒྱ་ཆའི་གོ་དགུ་ཚེག་ལྔ་ལྔ་སོ་སོར་ཟིན་ཡོད།ལོ་འདིའི་ནང་ཡུན་ནན་ཞིང་ཆེན་གྱིས་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་པའི་སྒྲིག་ཚུད་གྲོང་ཚོ400གསར་སྣོན་ཐུབ་པ་དང་སྒྲིག་ཚུད་གྲོང་ཚོ་ཡོངས་ལ་སྦྲག་བསྐུར་ཤར་གཏོང་ཐུབ་པ་བྱས་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་དང་གྲོང་གསེབ་ཀྱི་འགྲུལ་སྐྱེལ་ས་ཚིགས་དང་དངོས་ཟོག་སྡེབ་སྐྱེལ་དྲ་བ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།