ཅིན་ཏུང་སེམས་ཀྱི་ཉི་ཟླ་གླིང་དབུལ་སྐྱོར་གདོང་ལེན་ཚོང་ཁང་དུ་བདམས་པ

རྩོམ་པ་པོ།   ཚེ་དོན།དུས་ཚོད།   2019-02-27   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

 ཟླ2པའི་ཚེས21ཉིན།  པེ་ཅིན་ནས་བསྡུས་པའི་2019ལོའི་ཅིན་ཏུང་བཟའ་བཅའ་གསར་བའི་སྒོ་འབྱེད་ལས་སྟེགས་ཚོང་དུད་ལོ་འཁོར་གྱི་འཐབ་ཇུས་ཚོགས་ཆེན་ཐོག སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སེམས་ཀྱི་ཉི་ཟླ་སྐྱེ་དངོས་ཐོན་ཁུངས་གསར་སྤེལ་ཚད་ཡོད་ཀུང་སིའི་དྲ་ཐོག་ཉོ་འཚོང་སྟེགས་བུ་སྟེ།   ཀྲུང་གོའི་ཁྱད་རྫས་སེམས་ཀྱི་ཉི་ཟླ་གླིང་ནི2018ལོའི་ཅིན་ཏུང་ལས་སྟེགས་ཀྱི་དབུལ་སྐྱོར་གདོང་ལེན་ཚོང་ཁང་དུ་བདམས་པ་རེད། 

     རིམ་པ་ཁག་གི་ཏང་ཨུ་དང་སྲིད་གཞུང་གི་སྣེ་ཁྲིད་དང་གཞན་ཡང་ཀུང་སིའི་ལས་མི་ཡོངས་ཀྱི་ཧུར་བརྩོན་འོག སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སེམས་ཀྱི་ཉི་ཟླ་སྐྱེ་དངོས་ཐོན་ཁུངས་གསར་སྤེལ་ཚད་ཡོད་ཀུང་སིས་སེམས་ཀྱི་ཉི་ཟླ་རང་ས་ནས་ཐོན་པའི་དབུལ་སྐྱོར་ཐོན་ལས་ཀྱི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཕྱིར་འཚོང་བྱས་ཡོད།  ན་ནིང་གི་ལོ་མཇུག་ཏུ།  འཁོར་བསྐྱོད་བྱས་ནས་ཡུན་རིང་མ་འགོར་བའི་ཀྲུང་གོའི་ཁྱད་རྫས་སེམས་ཀྱི་ཉི་ཟླ་གླིང་ནི་དྲ་ཐོག་ཚོང་ཁང་ཁྲི་སྟོང་མང་པོའི་ཁྲོད་ནས།   ཕྱིར་འཚོང་ནུས་པའི་ཨང་རིམ་དེ་ཨང་གཉིས་པ་ནས་ཨང་དང་པོར་འཕར་ཐུབ་པ་བྱུང་ཡོད། 

       བེ་ཤ་ཚོང་རར་ཐོན་པའི་དུས་ཚིགས་ནང་། ཆེས་བྲིན་ཆེ་བའི་ཚོང་རྫས་ཀྱི་ཁྲོད་དུ་བེ་ཤ་ནི་འཛད་སྤྱོད་པས་ཆེས་དགའ་བསུ་བྱེད་པའི་ཚོང་རྫས་ཨང་གཉིས་པར་གྱུར་ཡོད་པ་མ་ཟད།  གདེང་འཇོག་ཐོབ་ཚད་བརྒྱ་ཆའི95ཟིན་ཡོད། དྲ་ཐོག་ནས་ཕྱིར་འཚོང་བྱེད་པའི་ཡོང་འབབ་སྒོར་ཁྲི145ལས་བརྒལ་ཡོད་པས་ལས་སྒོའི་འབྲས་བུ་ཅུང་བཟང་བོ་བླངས་ཡོད། 

      ཚོང་དུད་ལོ་འཁོར་གྱི་འཐབ་ཇུས་ཚོགས་ཆེན་ཐོག   སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སེམས་ཀྱི་ཉི་ཟླ་སྐྱེ་དངོས་ཐོན་ཁུངས་གསར་སྤེལ་ཚད་ཡོད་ཀུང་སིའི་འགན་འཁུར་མི་སྣས་ཧུར་ཐག་གིས་ཅིན་ཏུང་འཁོར་བསྐྱོད་དང་སྤུས་ལེགས་ས་གནས་ཐོན་རྫས་ཁང་གི་འགན་འཁུར་བར་འབྲེལ་འདྲིས་དང་བགྲོ་གླེང་ཟབ་མོ་བྱས་ནས། སྔར་ལས་ལྷག་པའི་སྤུས་ལེགས་ཚོང་ཁང་གི་བྱེད་སྒོའི་ཐོན་ཁུངས་འབྱེད་པར་བརྩོན་ལེན་བྱས་ཏེ།   ཕྱིར་འཚོང་ལམ་བུ་རྒྱ་བསྐྱེད་པར་འབད་འབུངས་བྱས་ཡོད།