རྨི་ལམ་ནང་གི་སེམས་ཀྱི་ཉི་ཟླ་འཚོལ་བ། ༼བརྙན༽

རྩོམ་པ་པོ།   ཚེ་དོན།  ཡིག་བསྒྱུར།       དུས་ཚོད།   2019-02-26   རྩོམ་ཁུངས།    ཤམ་བྷ་ལ་རིག་གནས་སྒྱུ་རྩལ་ཁྱབ་སྤེལ་ཚད་ཡོད་ཀུང་སི།


 

    རྨི་ལམ་ནང་གི་སེམས་ཀྱི་ཉི་ཟླ་འཚོལ་བ་ཞེས་པ་འདི་ནི་ཆོས་མཚོ་ཡིས་ཚིག་བརྩམས་པ་དང་། སྐལ་བཟང་སྐྱབས་དང་རྟ་དཀར་ཚན་སྡེབ་གཉིས་ཀྱིས་མཉམ་དུ་དབྱངས་བརྩམས་ནས་གྲུབ་པའི་སེམས་ཀྱི་ཉི་ཟླའི་རིག་གནས་སྣང་ཚུལ་དང་ཡུལ་ལྗོངས་སྣ་ཚོགས་ཀྱི་མཛེས་ཉམས་ཚུར་སྣང་བྱེད་པའི་བརྙན་ཞིག་ཡིན། ཚན་སྡེབ་འདི་ནི2014ལོར་གསར་དུ་བཙུགས་ཤིང་ད་ལྟའི་བར་མི་ལོ་ལྔ་འགོར་བའི་རིང་ལ།   རྒྱ་ཆེའི་ཉན་པ་པོར་སེམས་ཀྱི་ཉི་ཟླ་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་གཞས་སྙན་གང་མང་ཞིག་ཕུལ་ཡོད་པ་ལ་ཀུན་གྱིས་དགའ་བསུ་དང་གདེང་འཇོག་མི་དམན་པ་གནང་བཞིན་ཡོད།   ཚན་སྡེབ་ཀྱི་མིང་ཡང་ཚན་སྡེབ་ཀྱི་ཁོངས་མི་བཀྲ་ཤིས་དེ་སྔ་གནས་མཆོག་ཁ་བོ་དཀར་པོར་མཇལ་སྐོར་དུ་སོང་དུས་མཚན་མོ་ཞིག་གི་རྨི་ལམ་དུ་རྟ་མཆོག་དཀར་པོ་ཞིག་རྨིས་པས་ཚན་སྡེབ་ཀྱི་མིང་ལ་ཡང་རྟ་དཀར་ལྷ་སྒྲུང་ཞེས་སུ་བཏགས།   བཀྲ་ཤིས་དང་ཁོངས་མི་གཞན་པ་ཚེ་རིང་དབང་ཕྱུག་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་རོལ་དབྱངས་ལ་བཅངས་པའི་རྣམ་འགྱུར་དང་རོལ་དབྱངས་ཀྱི་ཕུགས་བསམ་དེ་མི་དོར་བར་རྒྱུན་འཁྱོངས་གང་ལེགས་བྱས་ཡོད་ན།རྒྱ་ཆེའི་གཟིགས་པ་པོས་བརྙན་ཐུང་བརྒྱུད་ནས་སེམས་ཀྱི་ཉི་ཟླའི་ཡུལ་ལྗོངས་དང་རིག་གནས་ཀྱི་སྣང་ཚུལ་སོགས་ལ་རྒྱུས་ལོན་ཅུང་ཟད་བྱེད་པའི་རེ་བ་ཡོད། 

བརྙན་ལ་བལྟ་ས་ནི།  

https://v.qq.com/x/page/k08359lc4yo.html


                                                                                           ཚེ་རིང་དབང་ཕྱུག


                                                                                       བཀྲ་ཤིས།