སྒང་རུ་དར་གྱི་མཛེས་རྩལ་ཡིག་གཟུགས་ཀྱི་ལང་ཚོ།

རྩོམ་པ་པོ།   རུ་དར  ཡིག་བསྒྱུར།       དུས་ཚོད།   2019-02-25   རྩོམ་ཁུངས།    ཁྱུང་སྔོན།

དུས་རབས་བདུན་པའི་སྟོད་ཀྱི་ཆར་སློབ་དཔོན་ཐོན་མི་སམྦྷོ་ཊས་བོད་ཡིག་གསར་དུ་བཟོས་པ་ནས་བཟུང་། རིམ་གྱིས་གཟབ་ནས་འབྲི་དགོས་པ་ལ་གཟབ་མ་དང་། དེ་ཙམ་གཟབ་མི་དགོས་ཤིང་མགྱོགས་པོར་བྲིས་ཆོག་པ་ལ་གཤར་མ་ཞེས་འབྲི་ཚུལ་རིགས་གཉིས་བྱུང་། ད་ལྟ་གཟབ་མའི་ཡི་གེ་ལ་དབུ་ཅན་དང་། གཤར་མའི་ཡི་གེ་ལ་དབུ་མེད་ཀྱི་ཡི་གེ་ཟེར།  ཡི་གེ་དར་བ་ནས་ད་ལྟའི་བར་དུ་བོད་ཀྱི་ལོ་རྒྱུས་ཐོག་ཡིག་གཟུགས་མཁས་པ་གྲངས་མེད་པ་བྱོན་ཡོད་ཅིང་། ད་ལྟའི་དུས་ལ་ཡང་ཡིག་གཟུགས་སྒྱུ་རྩལ་ལ་དགའ་ཞེན་ཆེ་བའི་མི་སྣ་སྐོར་ཞིག་གིས་ཡིག་གཟུགས་འབྲི་སྦྱོང་གི་སྐོར་ལ་སློབ་སྦྱོང་དང་ཞིབ་འཇུག་བྱས་ནས་རྒྱུན་འཛིན་གྱི་ལས་ལ་གཞོལ་གྱི་ཡོད།    འདིར་སྒང་རུ་དར་ལགས་ཀྱི་རྣམ་དཔྱོད་ཀྱི་རྩལ་ལས་ཐོན་པའི་མཛེས་རྩལ་ཡིག་གཟུགས་འདི་དག་ཇུས་འགོད་བྱས་པ་མིག་ལ་མཛེས་ཤིང་།  དོན་གྱི་རྒྱ་ཆེ་ལ།  མི་རིགས་རང་གི་ཁྱད་ཆོས་ཀྱང་མངོན་གསལ་ལྡན་པས་རྒྱ་ཆེའི་གཟིགས་མོ་བ་ཀུན་ལ་ཉམས་སྤྲོ་ཞིང་ཡིད་དབང་འགུག་པའི་སྣང་བ་ཞིག་ཅིག་ཅར་ཏུ་སྦྱིན་ཐུབ་པར་འདོད།