དགའ་ལྡན་སུམ་རྩེན་གླིང་གི་སྨོན་ལམ་བཅོ་ལྔའི་བྱམས་པ་གླིང་སྐོར།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-02-19   རྩོམ་ཁུངས།   

     སྤྱི་ཟླ་2པའི་ཚེས་19ཉིན་གྱི་སྔ་དྲོ་སྟེ། བོད་ཟླ་གཅིག་པའི་ཚེས་བཅོ་ལྔ་ཉིན། བདེ་ཆེན་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་ཡོད་པའི་དགེ་ལུགས་པའི་དགོན་སྡེ་ཆེན་པོ་དགའ་ལྡན་སུམ་རྩེན་གླིང་ནས་སྨོན་ལམ་བཅོ་ལྔའི་ལོ་རེའི་ཐེངས་རེའི་བྱམས་པ་གླིང་སྐོར་གྱི་ཆོས་ལུགས་བྱེད་སྒོ་སྤེལ་ཞིང་།ས་གནས་དང་ཕྱོགས་སོ་སོ་ནས་ཡོད་པའི་རིགས་སོ་སོའི་དད་ལྡན་མང་ཚོགས་མ་གྲོས་གཅིག་མཐུན་གྱིས་གནས་མཆོག་འདིར་འཛོམས་ཡོད་ལ། དད་པའི་ཐལ་མོ་སྦྱར་ཏེ་འགྲོ་བ་སེམས་ཅན་ཐམས་ཅད་ལ་སྡུག་བསྔལ་མེད་པའི་སྨོན་འདུན་ཞུ་བཞིན་ཡོད།

     དེ་ཡང་བོད་ཀྱི་གཏམ་དཔེ་ལ་བསོད་ནམས་གར་ཡོད་ཁ་ཆར་འབབ་ཞེས་པའི་བཤད་སྲོལ་ཡོད་དེ།ཉིན་དེའི་སྔ་དྲོར་རྒྱལ་ཐང་ཡུལ་དུ་ཁ་བ་ལྷབ་ལྷུབ་ཏུ་བབས་བྱུང་ལ། ཕྱི་དྲོར་ཡང་དྲོད་འཇམ་གྱི་ཉི་འོད་འཕྲོས་པས། དད་ལྡན་མང་ཚོགས་ཀྱིས་རྟེན་འབྲེལ་ཡག་པོ་འགྲིག་སོང་བསམ།

བྱམས་པ་གླིང་སྐོར་ལ་ཡོང་ཡོད་པའི་རིགས་སོ་སོའི་དད་ལྡན་མང་ཚོགས་ཀྱིས་ཞོགས་པ་སྔ་མོ་ནས་བྱམས་སྐུ་ཕྱི་ལ་གདན་འདྲེན་བྱེད་པར་སྒུག་ཡོད་པའི་རྣམ་པ། 

སྔོན་ལ་བུད་པའི་གཟབ་སྦྲེང་རུ་ཁག 

དད་ལྡན་མང་ཚོགས་ཀྱིས་དར་ལམ་བཀྱགས་ནས་འགྲོ་བཞིན་པ། 

དད་ལྡན་མང་ཚོགས་ཀྱིས་བྱམས་སྐུ་གདན་འདྲེན་བྱས་ནས་གླིང་སྐོར་ལ་འགྲོ་བཞིན་པ། 


མེ་ཏོག་མཆོད་པ་བཤམས་ཡོད་པ། 



དད་ལྡན་མང་ཚོགས་ཀྱིས་བཀྲ་ཤིས་བཏགས་བརྒྱད་དང་མནྡལ། གཡང་ནོར་སོགས་མཇལ་བཞིན་པ། 

བྱམས་པ་གླིང་སྐོར་ལ་ཡོང་ཡོད་པའི་རིགས་སོ་སོའི་དད་ལྡན་མང་ཚོགས། 

དད་ལྡན་པའི་འཛུམ་མདངས།