རིག་རྩལ་སྤྲོ་ཚོགས་བསྡུས་ནས་ལོ་སར་རོལ།

རྩོམ་པ་པོ།   དུས་ཚོད།   2019-02-14   རྩོམ་ཁུངས།   



        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ལོ་གསར་གྱི་ཉིན་འདི་དག་ལ་བདེ་ཆེན་གྱི་ཤང་དང་གྲོང་ཚོ་སོ་སོ་ན་ལོ་གསར་གྱི་བྱེད་སྒོ་སྣ་ཚོགས་སྤེལ་བཞིན་ཡོད་ལ། ཉི་ཤར་ཐང་སྨད་གྲོང་ཚོ་ཡང་དེ་ལས་མ་འདས་ཏེ།  ཟླ་བ་2པའི་ཚེས་11ཉིན་ཏེ་ལོ་གསར་གྱི་ཚེས་བདུན་ཉིན་གྱི་ཕྱི་དྲོར།ཉི་ཤར་ཤང་ཐང་སྨད་གྲོང་ཚོས་ད་ལོའི་ལོ་གསར་གྱི་རིག་རྩལ་སྤྲོ་ཚོགས་དེ་ཐང་སྨད་གྲོང་ཚོའི་རུ་གོང་མའི་ལུས་རྩལ་ར་བ་ནས་སྤེལ་བ་རེད། 

        ཐང་སྨད་གྲོང་ཚོར་བསྡོམས་པས་རུ་ཁག་བཞི་ཡོད་ལ།རུ་ཁག་བཞི་བོ་རེས་མོས་བྱས་ནས་ལོ་རེའི་ལོ་གསར་གྱི་རིག་རྩལ་སྤྲོ་ཚོགས་ཀྱི་འགན་ཁུར་བཞིན་ཡོད་དེ།ད་ལོའི་ལོ་གསར་གྱི་རིག་རྩལ་སྤྲོ་ཚོགས་ལ་ཐང་སྨད་རུ་གོང་མས་འགན་ཁུར་ཡོད་པ་རེད།    ཐེངས་འདིའི་རིག་རྩལ་སྤྲོ་ཚོགས་ལ་ཉི་ཤར་བྱམས་གླུ་དང་འཇོལ་གཞས། གར་ཆུང་།སྐོར་བྲོ། ལ་གཞས་ཁེར་ལེན་སོགས་ཡོད་དེ།ས་གནས་མང་ཚོགས་ལ་ལོ་གསར་གྱི་ལེགས་སྐྱེས་གྱ་ནོམ་པ་ཞིག་ཕུལ།