ལོ་སར་སྐབས་རང་གནས་བརྟན་སྲུང་བྱས་པའི་མི་ལ་བསྟོད་པའི་མཐེ་བོང་བསྒྲེངས།

རྩོམ་པ་པོ།   དུས་ཚོད།   2019-02-11   རྩོམ་ཁུངས།   

        ལོ་སར་རིང་ནང་མི་ལྷན་འཛོམས་བྱས་ཏེ་དགའ་དགའ་སྤྲོ་སྤྲོའི་ངང་དུས་ཆེན་རོལ་བའི་སྐབས་སུ།ང་ཚོའི་ཉེ་འགྲམ་གྱི་མི་ཁག་ཅིག་གིས་ཁྱིམ་མི་དང་ལྷན་འཛོམས་བྱུང་བའི་གོ་སྐབས་འདི་དོར་ནས།རང་གི་ལས་གནས་བརྟན་སྲུང་བྱས་ཏེ་རང་ནུས་ཅི་ལྕོག་སྒོས་ཞབས་ཞུ་གང་ལེགས་བྱེད་བཞིན་ཡོད།ང་ཚོས་ཁོང་ཚོ་ལ་བསྟོད་པའི་མཐེ་བོང་བསྒྲེངས།

        ཁུལ་སྤྱི་བདེ་ཅུས་ཀྱིས་2019ལོའི་བོད་ལོའི་ས་ཕག་ལོའི་ལོ་གསར་དང་དགའ་སྐྱིད་ལྡན་པའི་ཤམ་བྷ་ལའི་དམངས་སྲོལ་རིག་གནས་བྱེད་སྒོ་སྤེལ་བའི་སྐབས་མི་ཚོགས་མང་བའི་གོ་སྐབས་དང་བསྟུན་ནས།རྡོ་མཁར་རྫོང་ཟླ་འོད་ཐང་ཆེན་དུ་ནག་ཚོགས་ཀྱི་སྤྱོད་ངན་སེལ་བའི་ཆེད་དོན་འཐབ་རྩོད་ཀྱི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།དྲིལ་བསྒྲགས་འགྲེམས་པང་དང་ མི་དམངས་ཉེན་རྟོག་པས་མང་ཚོགས་དང་ཡུལ་སྐོར་བར་ནག་ཚོགས་ཀྱི་སྤྱོད་ངན་སེལ་བའི་ཆེད་དོན་འཐབ་རྩོད་ཀྱི་འབྲེལ་ཡོད་ལས་ཀའི་གནས་ཚུལ་སོགས་ངོ་སྤྲོད་བྱས་པ་མ་ཟད།དྲིལ་བསྒྲགས་ལོ་ཐོ་སོགས་བཀྲམ་པ་རེད།

        ལོ་གསར་གྱི་སྐབས་སུ་སྡེ་ཁུལ་དང་སྲང་ལམ་སོགས་སུ་ཤོག་སྦག་གི་གད་སྙིགས་གང་སར་ཁྱབ་འདུག མི་ཚང་མས་དགའ་དགའ་སྤྲོ་སྤྲོའི་སྒོ་ནས་ལོ་སར་རོལ་བའི་སྐབས་སུ།གྲོང་ཁྱེར་གྱི་མཛེས་བཟོ་བ་རྣམས་ཀྱིས་རང་གི་ལས་གནས་བརྟན་སྲུང་བྱས་ཏེ་བྲེལ་འཚུབ་ཀྱི་རྣམ་པས་ཁེངས་འདུགསེམས་ཀྱི་ཉི་ཟླ་ཉི་མ་སེར་བོའི་ཐང་ཆེན་དུ་སེམས་ཀྱི་ཉི་ཟླ་ཧོ་ཞང་ཁོར་ཡུག་སྲུང་སྐྱོང་ཀུང་སིའི་ཁྲེན་ཞུའེ་ཡན་གྱི་ཐང་ཆེན་ལ་གཙང་སྦྲ་བྱེད་བཞིན་འདུག མོས་བཤད་རྒྱུར་ལོ་གསར་སྐབས་ཀྱི་གད་སྙིགས་གཙོ་བོ་ནི་ཤོག་སྦག་ཡིན་པ་དང་།རླུང་གིས་ཁུར་ཚེ་གད་སྙིགས་གང་སར་ཁྱབ་པས།ལས་ཀ་ནི་རྒྱུན་ལྡན་གྱི་ལྡབ་2ནས་3རེད་ཅེས་བཤད་བྱུང་།

        ཁུལ་སྨན་ཁང་གི་འཕྲལ་བཅོས་ཕྱི་ནད་སྨན་པ་ལི་ཡུང་ཀྲུང་གིས་1997ལོ་ནས་བཟུང་།ལོ་རེའི་རྗེས་ཀྱི་དཔྱིད་གསར་དུས་ཆེན་རིང་ལས་རེས་བྱེད་དགོས་པ་དང་།ལས་རིགས་ཀྱི་དམིགས་བསལ་རང་བཞིན་གྱི་རྐྱེན་གྱིས་དུས་ཚོད24རིང་ལས་རེས་བྱེད་དགོས་པ་དང་།ལོ་གསར་གྱི་བར་སྐབས་སུ་སྨན་ཁང་དུ་ཡོང་བའི་ནད་པའང་མང་བས།ལས་རེས་སྨན་པས་ཉིན་ལྟར་ལས་རེས་ཁང་དུ་ཟ་མ་ཟ་དགོས་པ་དང་།ལོ་གསར་རིང་ཁྱིམ་མི་དང་མཉམ་དུ་འཛོམས་པའི་དུས་ཚོད་མེད་པ་རེད།

        ལོ་རེའི་ཟླ11པ་ནས་ཟླ6པའི་བར་ནི་ནགས་ཚལ་མེ་ཟོན་གྱི་ས་ཚིགས་གལ་ཆེན་ཡིན་པ་དང་།ལོ་གསར་གྱི་སྐབས་སུ།ཤོག་སྦག་རྒྱག་པ་དང་།དུར་མཆོད་འབུལ་བ།བསང་ཕུད་པ་སོགས་ཀྱི་སྣང་ཚུལ་ཡོངས་ཁྱབ་ཡིན་པས།ནགས་ཚལ་ལ་མེ་ཤོར་ཉེན་ཆེ་བ་རེད།ཁུལ་ནགས་ལས་ཅུས་མེ་འགོག་གཞུང་སྒྲུབ་ཁང་གི་ལས་རེས་མི་སྣ་ཀྲུའུ་ཞའོ་ཧྥེང་གིས་ལས་རེས་མི་སྣས་དུས་ཚོད་24རིང་སྲུང་སྐར་བརྟེན་ནས་མེ་སྐྱོན་ལ་ལྟ་ཞིབ་ཚད་ལེན་བྱེད་དགོས།རྒྱུ་མཚན་ནི་ལོ་གསར་སྐབས་སུ་ མེ་ཟོན་གྱི་གནོན་ཤུགས་ཆེ་བས། ཁོ་ཚོས་རེས་སྐོར་བྱས་ནས་ལས་རེས་བྱེད་དགོས་པ་དང་།ལས་གནས་སུ་ཞུགས་པའི་ལོ20རིང་ཁོ་ཚོ་ཁྱིམ་མི་དང་ལྷན་འཛོམས་བྱས་ནས་ལོ་གསར་སྐྱིད་པོ་ཞིག་གཏོང་མ་མྱོང་ཞེས་གསར་འགོད་པར་བཤད་བྱུང་།

        ལོ་སར་གྱི་སྐབས་སུ། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྤྱི་བདེ་ཅུས་ཐད་གཏོགས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱི་ཁོངས་མི་ཡོངས་ལས་གནས་སྟེང་ཡོད་པ་དང་།  ཡུལ་སྐོར་ལམ་ཐིག་དང་གྲོང་ཁུལ་གྱི་ལམ་མདོ་གལ་ཆེན་དང་ལྗོངས་ཁུལ་གཙོ་ཆེའི་མཐའ་འཁོར་དུ་རྩད་ཞིབ་བྱས།  ཉིན་ལྟར་གྱི་ཞོགས་པའི་ཆུ་ཚོད་7:30ནས་རླངས་འཁོར་ལ་དོ་དམ་དང་རྩད་ཞིབ་བྱས་ནས་དུས་ཆེན་སྐབས་ཀྱི་བགྲོད་ལམ་བདེ་འཇགས་དང་ཤར་སྐྱོད་ཡིན་པ་ཁག་ཐེག་བྱས་པ་རེད།

        ཁུལ་སྨན་བཅོས་འགན་འཁྲི་ཚད་ཡོད་ཀུང་སིའི་གསེར་ཟམ་ཡན་ལག་སྨན་ཚོང་ཁང་དུ་བུ་མོ་ལྔས་སྨན་རིགས་ལེགས་སྒྲིག་བྱེད་འདུག  ཁོ་ཚོས་ལོ་སར་གྱི་ཚེས་པ་གསུམ་ནས་བཟུང་ལས་གནས་ཐོག་ཡོད་པ་དང་དུས་ཆེན་སྐབས་སུ་མི་རྣམས་ཀྱི་སྨན་རིགས་དགོས་མཁོ་འགན་ལེན་བྱས་པ་རེད།

        བྲག་ཞབས་ཤང་འཕྲོད་བསྟེན་ཁང་དུ་སྨན་པ་ཉི་མ་མཚོ་མོས་ནད་པ་ལ་ནད་བཅོས་བར་བྲེལ་འདུག   ལོ་སར་སྐབས་སུ་འཕྲོད་བསྟེན་ཁང་དུ་ནད་པ་དུས་རྒྱུན་ལས་ཉུང་མེད་པས་སྨན་པ་ཉི་མ་མཚོ་མོས་ཁྱིམ་ནའང་ལོག་མི་ཐུབ་པས་ལས་གནས་ཐོག་ཡོད་པ་རེད།