དབུ་ཤོག >> ས་གནས་གསར་འགྱུར།
བདེ་ཆེན་གྱི་ས་གནས་ཁག་གི་འཁྲུག་ཆ་དོད་པོའི་ལོ་གསར་གྱི་རྣམ་པ།
རྩོམ་པ་པོ། དུས་ཚོད། 2019-02-08 རྩོམ་ཁུངས།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།དཔྱིད་གསར་དུས་ཆེན་དང་བོད་ལུགས་ལོ་སར་གཉིས་མཉམ་དུ་འཁེལ་བ་དང་བསྟུན་ནས།  བདེ་ཆེན་གྱི་ས་གནས་ཁག་གི་ཡུལ་མི་རྣམས་ཀྱིས་བྱེད་སྒོ་རབ་དང་རིམ་པ་སྤེལ་ཏེ་དུས་ཆེན་བསུ་བ་དང་ག་ས་གང་དུ་བདེ་སྐྱིད་དང་འཁྲུག་ཆ་དོད་པོའི་རྣམ་པ་ཁེངས་འདུག




        ལོ་སར་གྱི་ཚེས་པ་གསུམ་སྟེ་ཟླ2པའི་ཚེས་7ཉིན།  སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་བཅིངས་འགྲོལ་གྲོང་སྡེའི་མཚོ་འགོ་ལུང་གྲོང་མི་ཚོ་ཆུང་གི་བྱེད་སྒོ་ལྟེ་གནས་སུ་ལོ་གསར་གྱི་མཉམ་སྤྲོའི་བྱེད་སྒོ་བསྡུས།  གྲོང་མི་རྣམས་ཀྱིས་ལུས་ལ་གཟབ་ཆས་སྤྲས་ཏེ་རང་ཉིད་ཀྱིས་སྒྲིག་པའི་ལྟད་མོ་སྣ་ཚོགས་སྟོན་ནས་དུས་ཆེན་ལ་རོལ་བ་རེད།



        ལོ་སར་ཀྱི་སྐབས་སུ།  དྲག་པོའི་ཉེན་རྟོག་བདེ་ཆེན་ཡན་ལག་རུ་ཁག་གིས་གླིང་ཁའི་སྤྲོ་གསེང་བྱེད་སྒོ་སྣ་ཚོགས་སྤེལ་ནས་དུས་ཆེན་ལ་རྟེན་འབྲེལ་ཞུ་བ་རེད།



        ལོ་སར་གྱི་ཚེས་པ་གཅིག་གི་ཉིན་མོར།  འབའ་ལུང་རྫོང་མི་རིགས་རིག་གནས་ཐང་ཆེན་དུ་དཔྱིད་གསར་དུས་ཆེན་གྱི་སྲོལ་རྒྱུན་དམངས་སྲོལ་བྱེད་སྒོ་སྤེལ་བ་དང་།  ཡུལ་དངོས་སུ་འབྲུག་སེང་འཁྲབ་སྟོན་དང་རིག་རྩལ་འཁྲབ་སྟོན།  དེ་མིན་ཡིག་གཟུགས་འབྲི་རྩལ།  གཞུ་རྒྱག  ཤུགས་འགྲན་ཐག་འཐེན་སོགས་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་ནས་དུས་ཆེན་གྱི་རྣམ་པ་ཁེངས་པ་རེད།


    ཉེ་སྔོན།  སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཧྲང་ཅང་ཤང་ལིའང་མེ་གྲོང་སྡེས་དཔྱིད་གསར་དུས་ཆེན་གྱི་མཉམ་སྤྲོའི་དགོང་ཚོགས་བསྡུས་པ་དང་།   དགོང་ཚོགས་ཐོག་གྲོང་མིས་རང་སྒྲིག་རང་སྟོན་གྱི་བསྒྱུར་བཅོས་སྒོ་འབྱེད་བྱས་པའི་ལོ་ངོ་41ཞེས་པའི་འཁྲབ་ཚན་ཆུང་ཆུང་དེ་ལྟད་མོ་རྣམས་ཀྱི་དགའ་བསུ་ཐོབ་པ་རེད།  འཁྲབ་ཚན་དེས་བསྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་ངོ་40དང་མེས་རྒྱལ་དབུ་བརྙེས་ནས་ལོ་ངོ་70ཡི་ཚུན་དུ།  དེ་བས་དབུལ་སྒྲོལ་འགག་སྒྲོལ་སྤེལ་བའི་ཚུན་དུ་གྲོང་གསེབ་ཏུ་བྱུང་བའི་གནམ་ས་བླ་འོག་གི་འགྱུར་ལྡོག་སྟོན་པ་དང་།  གྲོང་མི་རྣམས་ཀྱིས་རང་ཉིད་ཀྱི་ཚུལ་ནས་མེད་རྒྱལ་གྱི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ་བ་རེད།