དབུ་ཤོག >> བོད་ཁུལ་གསར་འགྱུར།
དགའ་སྐྱིད་ལྡན་པའི་ཤམ་བྷ་ལའི་སྤྲོ་ཚོགས་ཆེན་མོ།༼ ༡ ༽
རྩོམ་པ་པོ། དུས་ཚོད། 2019-02-06 རྩོམ་ཁུངས།

    









        ལོ་སར་གྱི་ཚེས་པ་གཉིས་ཏེ་ཟླ་2པའི་ཚེས་6ཉིན།  དགའ་སྐྱིད་ལྡན་པའི་ཤམ་བྷ་ལའི་སྤྲོ་ཚོགས་ཆེན་མོ་ཞེས་པའི་དམངས་སྲོལ་རིག་གནས་རིམ་སྤེལ་བྱེད་སྒོ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྡོ་མཁར་རྫོང་གི་ཟླ་འོད་ཐང་ཆེན་དུ་བསྡུས།  ད་ལོའི་དགའ་སྐྱིད་ལྡན་པའི་སྤྲོ་ཚོགས་ཆེན་མོས་བློ་སེམས་གཅིག་མཐུན་བྱས་ནས་དུས་རབས་གསར་པའི་བསམ་མདུན་བསྐྲུན་པ་དང་གྲུ་གཡོར་འགེལ་བ་བྱས་ཏེ་རྒྱང་སྐྱོད་ལམ་གསར་ཕྱོགས་སུ་བསྐྱོད་ཞེས་པ་བརྗོད་བྱ་གཙོ་བོར་བྱས་པ་དང་།  གྲོང་ཁྱེར་ཡོངས་ཀྱི་མང་ཚོགས་1000ལྷག་དང་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་རྣམས་ཀྱིས་མཉམ་དུ་གླུ་གར་འཁྲབ་སྟོན་ལ་རོལ་ནས་དུས་ཆེན་གཏོང་བ་རེད།

ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཏུའུ་ཡུང་ཁྲུན་དང་།  ཁུལ་ཨུའི་རྒྱུན་ཨུ།  ཁུལ་ཨུའི་འཐབ་ཕྱོགས་གཅིག་འགྱུར་པུའུ་ཡི་པུའུ་ཀྲང་མིའོ་ཡིའུ་ཧྥ།  ཁུལ་ཨུའི་རྒྱུན་ཨུ།  བདེ་ཆེན་ཡན་ལག་དམག་ཁུལ་གྱི་ཆབ་སྲིད་ཨུ་ཡོན་ཝང་ཝུན་ཅ་སོགས་ཀྱི་འགོ་ཁྲིད་བྱེད་སྒོར་ཞུགས།  མིའོ་ཡིའུ་ཧྥ་ཡིས་དགའ་སྐྱིད་ལྡན་པའི་ཤམ་པ་ལའི་དམངས་སྲོལ་རིག་གནས་རིམ་སྤེལ་བྱེད་སྒོ་འགོ་ཚུགས་པ་ཁྱབ་བསྒྲགས་གནང་།



    བྱེད་སྒོ་དེ་རྡོ་མཁར་རྫོང་གི་སྡེ་ཁུལ་ཁག་གི་འབྲུག་སེང་རུ་ཁག་གིས་འབྲུག་སེང་འཁྲབ་སྟོན་ནས་འགོ་ཚུགས་པ་དང་། 《སེམས་ཀྱི་ཉི་ཟླའི་སྐོར་བྲོ་》དང་《དགའ་སྤྲོའི་རས་པ།》སྟོན་པའི་རིག་གནས་མཚོན་པའི་ཞབས་བྲོ་《སྟོན་པའི་མཆོད་འབུལ།》དེང་རབས་ཀྱི་འཚོ་བ་གསར་བ་ལེན་པའི་《ལོ་གསར་བཟང་》དང་《བཀྲ་ཤིས་ཆང་གླུ་》སོགས་ངོ་མཚར་བའི་ལེ་ཚན་རེ་རེ་ལ་ཡུལ་དངོས་ལྟད་མོ་བའི་དགའ་བསུ་ཚད་མེད་ཐོབ་པ་རེད།


    རྒྱུས་ལོན་བྱུང་བ་ལྟར་ན།དགའ་སྐྱིད་ལྡན་པའི་ཤམ་བྷ་ལའི་དམངས་སྲོལ་རིག་གནས་བྱེད་སྒོ་ནི་2002ལོར་སྤེལ་བ་ནས་བཟུང་ལོ་གང་མང་བརྒྱུད་རྗེས་རིམ་བཞིན་རང་ཁུལ་གྱིས་བདེ་ཆེན་སྣ་མང་རང་བཞིན་གྱི་མི་རིགས་རིག་གནས་ཀྱི་ཁྱད་ཆོས་མཚོན་པ་དང་།དགུན་གྱི་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གཞི་རྟེན་ནུས་ལྡན་ཞིག་ཏུ་གྱུར་ཡོད།ད་ལོར་རྡོ་མཁར་རྫོང་དུ་ཚོགས་ར་གཙོ་བོ་བཀོད་སྒྲིག་བྱས་ཡོད་པ་མ་ཟད།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་གཞན་ཤང་དང་གྲོང་རྡལ་སོ་སོར་ཡན་ལག་ཚོགས་ར་བཀོད་སྒྲིག་བྱས་ནས།ལུས་རྩལ་དང་རིག་གནས་བྱ་འགུལ་རབ་དང་རིམ་པ་སྤེལ་རྒྱུ་ཡིན་པ་རེད།