བདེ་ཆེན་གྱི་ཁྲིམས་དཔོན་ཞིག་ལ་རྒྱལ་ཡོངས་ཁྲིམས་ཁང་གི་གྱོད་དོན་ཞིབ་གཅོད་ཀྱི་དཔེ་ལྟ་སའི་མཚན་སྙན་ཐོབ།

རྩོམ་པ་པོ།   དུས་ཚོད།   2019-01-31   རྩོམ་ཁུངས།   

        

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཉེ་སྔོན།  རྒྱལ་ཡོངས་མཐོ་རིམ་ཁྲིམས་ཁང་གི་ཡོའན་ཀྲང་ཚོགས་འདུ་འཚོགས་པ་དང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་ལས་ཁུངས་84ལ་རྒྱལ་ཡོངས་ཀྱི་ཕུལ་བྱུང་ཁྲིམས་ཁང་གི་མཚན་སྙན་གནང་བ་དང་། བློ་མཐུན་99ལ་རྒྱལ་ཡོངས་ཀྱི་ཕུལ་བྱུང་ཁྲིམས་དཔོན་གྱི་མཚན་སྙན་གནང་བ།  བློ་མཐུན་200ལ་རྒྱལ་ཡོངས་ཁྲིམས་ཁང་གི་གྱོད་དོན་ཞིབ་གཅོད་ཀྱི་དཔེ་ལྟ་སའི་མཚན་སྙན་གནང་བར་ཐག་གཅོད་བྱས་པ་རེད།  སེམས་ཀྱི་ཉི་ཟླ་གྲོང་ཁྱེར་མི་དམངས་ཁྲིམས་ཁང་གི་དམངས་དོན་འདྲི་གཅོད་ཁང་དང་པོའི་འདྲི་གཅོད་པ་ཀྲང་ཞའོ་ཡན་རང་ཞིང་ཆེན་གྱི་རྒྱལ་ཡོངས་ཁྲིམས་ཁང་གི་གྱོད་དོན་ཞིབ་གཅོད་པའི་དཔེ་ལྟ་སའི་མཚན་སྙན་ཐོབ་པའི་མི་དྲུག་གི་ཡ་གྱལ་གཅིག་ཏུ་གྱུར།

གྲོང་ཁྱེར་ཆུང་ངུའི་ཁྲིམས་དཔོན་ཆེན་མོ་ཞེས་པ་ནི་ཀྲང་ཞའོ་ཡན་གྱི་ལས་ཀའི་དངོས་མཚོན་ཡིན་ལ།  ལོ་མང་པོའི་ཚུན་དུ།  སྣེ་མང་རྙོག་འཛིང་གི་དམངས་དོན་རྩོད་གཞི་དང་རྩིང་སྤྱོད་སྡུག་འདྲེའི་དོ་བདག་དང་འབྲེལ་བ་བྱེད་དུས། མོས་བུད་མེད་ཀྱིས་སྐྱེས་པར་མི་ཞུ་བའི་ལས་ཀའི་སྤྲོ་སེམས་དང་གཟབ་ནན་གྱི་ཁྲིམས་ལུགས་བསམ་གཞིགས།སུན་སྣང་མེད་པའི་བཟོད་སེམས་སྤྱོད་པ་དང་།ཕྱོགས་ཞེན་མེད་པས་བར་འདུམ་བྱས་ཏེ་གྱོད་དོན་རེ་རེ་བཞིན་ཞིབ་གཅོད་བྱས་ནས།  དོ་བདག་ཀུན་ཁ་ཞེ་གཉིས་མོས་བྱེད་དུ་བཅུག་པ་དང་གྱོད་དོན་ཀུན་ཞིབ་གཅོད་བྱས་རྗེས་དོན་འགྲུབ་མི་མཐུན་དུ་བཅུག་པས།དོ་བདག་རྣམས་ཀྱི་ཁས་ལེན་དང་གདེང་འཇོག་ཡག་པོ་ཐོབ་པ་རེད།