རང་ཁུལ་གྱིས་མུ་མཐུད་ནས་སློབ་གསོ་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ།

རྩོམ་པ་པོ།   དུས་ཚོད།   2019-01-31   རྩོམ་ཁུངས།   

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།གསར་འགོད་པས་ཁུལ་སློབ་གསོ་ཅུས་ནས་རྒྱུས་ལོན་བྱུང་བ་ལྟར་ན།ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་རྒྱལ་ཡོངས་སློབ་གསོའི་ཚོགས་ཆེན་གྱི་དགོངས་དོན་གཞིར་བཟུང་།རང་ཁུལ་གྱི་སློབ་གསོའི་འཕེལ་རྒྱས་ཀྱི་གནད་དོན་ཚ་ཤོས་དང་དཀའ་གནད་དང་ཟུང་འབྲེལ་བྱས་ནས།མུ་མཐུད་དུ་མི་སྣ་གསོ་སྐྱོང་བྱེད་སྟངས་དང་།སློབ་སྒྲུབ་གཉེར་སྟངས།དོ་དམ་སྒྲིག་སྲོལ་བཅས་ཁྱབ་ཁོངས་གསུམ་ལ་དམིགས་ནས།སློབ་གསོ་བསྒྱུར་བཅོས་མུ་མཐུད་ནས་གཏིང་ཟབ་ཏུ་སྤེལ་ཏེ། ཁུལ་ཡོངས་ཀྱི་འཕེལ་རྒྱས་ལ་དེ་བས་ལེགས་པའི་ཤེས་ལྡན་མི་སྣའི་འདེགས་སྐྱོར་འདོན་པ་རེད།

མི་སྣ་གསོ་སྐྱོང་བྱེད་སྟངས་ལ་སྒྱུར་བཅོས་སྐུལ་འདེད་གཏོང་བ། ཀུན་སྤྱོད་སློབ་གསོའི་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱབ་ནས། ཀུན་སྤྱོད་ཀྱི་གྲུབ་འབྲས་དེ་དཔྱད་ཞིབ་སློབ་གྲྭ་དང་དགེ་རྒན་གྱི་དམིགས་ཚད་གཙོ་བོར་བྱེད་པ་དང་།སློབ་མ་ཕྱོགས་ཡོངས་ནས་སྐྱོན་བྲལ་ངང་འཕེལ་རྒྱས་བྱུང་བར་སྐུལ་འདེད་བཏང་བ།གོམ་གང་མདུན་སྤོས་སྒོས་སློབ་མའི་ཁུར་བོ་ཇེ་ཡང་དུ་གཏོང་བའི་ལམ་ལུགས་དོན་འཁྱོལ་བྱས་ནས།སློབ་མའི་ཕྱོགས་བསྡུས་བྱང་ཚད་མཐོར་འདེགས་གཏོང་རྒྱུ་དེ་གདེང་འཇོག་གི་གཞི་རྩའི་ཚད་གཞི་རུ་བརྩི་བ་དང་།སློབ་ཕྱིའི་སྦྱོང་བརྡར་ལ་ཤུགས་བསྣན་ནས།སློབ་ཁྲིད་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། སྣོད་བསྟུན་སློབ་ཁྲིད་དར་སྤེལ་དང་། ནུས་ཆེའི་སློབ་ཁྲིད་འཛུགས་སྐྲུན་བྱེད་པ།རྒྱུགས་ལེན་སློབ་བསྡུའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་སོགས་བྱས་པ།

སློབ་གཉེར་བྱེད་སྟངས་ལ་སྒྱུར་བཅོས་སྐུལ་འདེད་གཏོང་བ། གོམ་གང་མདུན་སྤོས་ཀྱིས་སློབ་གྲྭའི་ཁོར་ཡུག་ལེགས་སུ་བཏང་བ་དང་། སློབ་འབྲིང་གི་རྒྱ་ཁྱོན་དེ་སློབ་རིམ་རེར་འཛིན་གྲྭ་8ནང་ཚུན་དུ་ཚོད་འཛིན་བྱེད་རྒྱུ་དང་། སློབ་གྲྭའི་མི་གྲངས་དེ་མི1200ནང་དུ་ཚོད་འཛིན་བྱེད་རྒྱུ། སློབ་གཉེར་བྱེད་སྟངས་གསར་གཏོད་དང་།       རང་ཁུལ་གྱི་སློབ་གསོའི་ཕྱི་ཕྱོགས་སྒོ་འབྱེད་ནུས་ཤུགས་ཆེ་རུ་བཏང་བ།སྤུས་ལེགས་སློབ་གསོའི་ཐོན་ཁུངས་མཁོ་སྤྲོད་མང་དུ་གཏོང་བ།སྲིད་གཞུང་གིས་བཅའ་ཁྲིམས་ལྟར་དོ་དམ་དང་། སློབ་གྲྭས་བཅའ་ཁྲིམས་ལྟར་རང་བདག་སློབ་གཉེར་བྱས་པ།སྤྱི་ཚོགས་ལས་རིགས་ཁག་གིས་བཅའ་ཁྲིམས་ལྟར་ལྟ་སྐུལ་ལ་ཞུགས་པའི་རྣམ་པ་གསར་བ་འཚོལ་ཞིབ་བྱས་པ།

དོ་དམ་སྒྲིག་སྲོལ་ལ་བཅོས་སྒྱུར་སྐུལ་འདེད་གཏོང་བ།སློབ་གཙོའི་འདེམས་སྒྲུག་བྱེད་སྟངས་གསར་གཏོད་བྱས་ནས།སློབ་གཙོ་སྲིད་འཛིན་ཅན་དུ་འགྱུར་བ་མེད་པར་བཏང་བ།སློབ་གཙོ་འགན་འཛིན་ཡུན་ཚད་ལམ་ལུགས་ལག་བསྟར་བྱས་ནས།སྲིད་འཛིན་གཙོ་སྐྱོང་སྡེ་ཁག་དང་འགན་ཡུན་དམིགས་ཚད་འགན་འཁྲིའི་ཡི་གེར་མིང་རྟགས་བཀོད་པ།སློབ་གཙོའི་གསོ་སྐྱོང་ལ་ཤུགས་བསྣན་ནས། དགེ་རྒན་གྱི་ཀུན་སྤྱོད་ལ་དཔྱད་ཞིབ་ནན་མོ་བྱེད་རྒྱུ་ཡིན་ལ། ཀུན་སྤྱོད་ལས་བརྒལ་མཁན་ལ་འབྲེལ་ཡོད་གཏན་འབེབས་ལྟར་ནན་ཏན་ངང་ཐག་གཅོད་བྱེད་རྒྱུ་རེད།