དབུ་ཤོག >> ས་གནས་གསར་འགྱུར།
དུས་རབས་གསར་པར་གླུ་དབྱངས་ལེན། བོད་ལྗོངས་ཀྱི་2019ལོའི་རོལ་དབྱངས་འདུ་ཚོགས་ལྷ་སར་འཚོགས་པ
རྩོམ་པ་པོ། དུས་ཚོད། 2019-01-30 རྩོམ་ཁུངས།

    ཉེ་སྔོན། བོད་ལྗོངས་ཀྱི་2019ལོའི་རོལ་དབྱངས་འདུ་ཚོགས——《དུས་རབས་གསར་པར་གླུ་དབྱངས་ལེན》ཞེས་པ་ལྷ་སར་འཚོགས་པ་རེད། རོལ་དབྱངས་འདུ་ཚོགས་ནི་གཞས་སྣེ་འཁྲིད་པ་དང་། མཉམ་གཏོང་གླུ་གཞས། རྐྱང་གཞས། སྒྲ་གདངས་གཉིས་ལྡན་གྱི་གཞས། སྒྲ་གདངས་བཞི་ལྡན་གྱི་གཞས་སོགས་དང་། དེ་མིན་འབུད་དཀྲོལ་རོལ་དབྱངས་སོགས་རིགས་མི་འདྲ་བའི་རྣམ་པའི་ཐོག་ནས་གྲུབ་ཡོད་ལ། དེའི་དམིགས་ཡུལ་ནི“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་པ”ཞེས་པའི་བརྗོད་དོན་གཙོ་བོ་དང་། སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40རིང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ཧ་ཅང་ཆེན་པོ་མངོན་པར་བྱ་རྒྱུ་དེ་ཡིན།