འཁྲུག་ཆ་དོད་པོའི་སེམས་ཀྱི་ཉི་ཟླའི་ལོ་སར་གྱི་ཚོང་ཟོག་ཁྲོམ་ར།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-01-25   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། 2019ལོའི་དཔྱིད་གསར་དུས་ཆེན་དང་བོད་རབ་བྱུང་བཅུ་བདུན་པའི་ས་ཕག་ལོའི་ལོ་སར་སླེབས་པར་ཉེ་ལ། སེམས་ཀྱི་ཉི་ཟླའི་ཁྲོམ་ར་ཀུན་དུ་དུས་ཆེན་གྱི་རྣམ་པས་ཁེངས་ཤིང་།  ཚོན་མདོག་སྣ་མང་གི་ལོ་གསར་གྱི་མཁོ་ཆས་ཀྱི་ཚོང་བྲིན་པོ་འདུག




        ཁྲོམ་རར་མི་རྣམས་ཀྱིས་རླུང་རྟ་དང་ལོ་གསར་གྱི་ཆ་ཡིག  ཀ་ར།  ཤིང་ཏོག་སོགས་རང་ཉིད་དགོས་པའི་མཁོ་ཆས་འདམས་ནས་ལོ་གསར་གཏོང་བར་གྲ་སྒྲིག་བྱེད་བཞིན་ཡོད།