ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱི་འཚམས་འདྲི་ཚོ་ཆུང་རང་ཁུལ་དུ་ཡོང་ནས་དྲོད་ཁོལ་བསྐྱལ་བའི་བྱེད་སྒོ་སྤེལ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-01-24   རྩོམ་ཁུངས།   

            སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ་1པོའི་ཚེས་17ཉིན། ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཏང་ཙུའུ་ཡི་ཁོངས་མི། ཀྲུའུ་ཞི་གཞོན་པ་ཧྲང་ཅན་མིང་གིས་འཚམས་འདྲི་ཚོ་ཆུང་སྣེ་ཁྲིད་ནས་རང་ཁུལ་དུ་ཡོང་སྟེ། ལོ་གསར་གྱི་དྲོད་ཁོལ་བསྐྱལ་བའི་བྱེད་སྒོ་སྤེལ་བ་རེད། འཚམས་འདྲི་ཚོ་ཆུང་གིས་རང་ཁུལ་གྱི་གལ་ཆེའི་ལས་གཞི་འཛུགས་སྐྲུན་གྱི་མདུན་སའི་མང་ཚོགས་ཞོར་ལས་བ་དང་ཁོར་ཡུག་གཙང་སྦྲ་བ། དཀའ་ཁག་ཡོད་པའི་ལས་བཟོ་བའི་ཚབ་བྱེད་མི་སྣར་འཚམས་འདྲི་གནང་བ་དང་། ཁོ་ཚོར་ཏང་ཨུ་དང་སྲིད་གཞུང་གི་བརྩེ་བའི་ཐུགས་དྲོད་དང་སྤྱི་ཁྱབ་བཟོ་ཚོགས་ཀྱི་རྩ་འཛུགས་བྱས་པའི་ལོ་གསར་གྱི་སྨོན་འདུན་བསྐྱལ་བ་རེད། 

    རྩ་འཛུགས་ཚོ་ཆུང་གི་མི་སྣ་རྣམས་མཉམ་དུ་སེམས་ཀྱི་ཉི་ཟླའི་ཟླ་འོད་གྲོང་གི་འཛུགས་སྐྲུན་ཡུལ་དངོས་སུ་ཡོང་ནས་དུས་ཡུན་རིང་བོར་འཛུགས་སྐྲུན་གྱི་མདུན་སའི་ལས་གནས་བརྟན་སྲུང་བྱས་ཡོད་པའི་མང་ཚོགས་ཞོར་ལས་པ་རྣམས་ལ་འཚམས་འདྲི་གནང་ལ། མི་རེ་རེར་ལག་འཇུ་བྱེད་ཞོར་དུ་འཚམས་འདྲི་བྱས་པ་མ་ཟད། འཚམས་འདིའི་སྒོར་མོ་སྟེར་བ་རེད། དུས་མཚུངས་སུ་བགྲོ་གླེང་ཚོགས་འདུ་འཚོགས་ནས་ཟླ་འོད་གྲོང་གི་ལས་གཞི་འཛུགས་སྐྲུན་གྱི་གནས་ཚུལ་དང་འཛུགས་སྐྲུན་ཁྲོད་འཕྲད་པའི་གནས་ཚུལ་ལ་རྒྱུས་ལོན་བྱས་ལ། སུན་སྣང་ཅི་ཡང་མེད་པའི་སྒོ་ནས་མང་ཚོགས་ཞོར་ལས་རྣམས་ཀྱི་སེམས་གཏམ་ལ་ཉན་པ་རེད། འཚམས་འདྲི་ཚོ་ཆུང་གིས་འཚམས་འདྲི་བྱེད་པའི་སྐབས་སུ་མདུན་སའི་མང་ཚོགས་ཞོར་ལས་པ་རྣམས་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་སྐབས་གསར་བའི་འགོ་ཁྲིད་མི་སྣའི་གཅིག་བསྡུས་གྲོས་མོལ་ཚོགས་འདུའི་ཐོག་བཤད་པའི་སྙིང་སྟོབས་དང་ཀྲུང་གོ་བཟོ་ཚོགས་ཀྱི་ཚོགས་ཆེན་བཅོ་བདུན་པའི་སྙིང་སྟོབས་དྲིལ་བསྒྲགས་བྱས་པ་རེད། 

    བྱེད་སྒོའི་སྐབས་འཚམས་འདྲི་ཚོ་ཆུང་གིས་ཁོར་ཡུག་གཙང་སྦྲ་བའི་ཚབ་བྱེད་མི་སྣ་དང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སློབ་འབྲིང་གཉིས་པའི་དགེ་རྒན་ཞེ་ཀུའེ་ཧྲང་སོགས་ལ་འཚམས་འདྲི་བྱས་ནས། ཁོ་ཚོར་ཏང་ཨུ་དང་སྲིད་གཞུང་གི་བརྩེ་བའི་ཐུགས་དྲོད་དང་སྤྱི་ཁྱབ་བཟོ་ཚོགས་ཀྱི་རྩ་འཛུགས་བྱས་པའི་ལོ་གསར་གྱི་སྨོན་འདུན་བསྐྱལ་བ་རེད།  

    ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱི་འགན་ཁུར་མི་སྣ་ཐེངས་འདིའི་འཚམས་འདྲིའི་བྱེད་སྒོར་ཞུགས་ཡོད།