བདེ་ཆེན་ཁུལ་གྱི་ས་མཐོའི་ཁྱད་ལྡན་ཞིང་ལས་ལ་འཕེལ་ཤུགས་ཆེན་པོ་ལྡན་པ།

རྩོམ་པ་པོ།   པདྨ་མཚོས་བསྒྱུར།དུས་ཚོད།   2019-01-16   རྩོམ་ཁུངས།   


        2018ལོར། རང་ཁུལ་གྱིས་ཞིང་ལས་ཐོན་ལས་ཅན་དང་། ཐོན་ལས་ཁྱད་ལྡན་ཅན། ཁྱད་ལྡན་སྤུས་རྟགས་ཅན། སྤུས་རྟགས་ཁྲོམ་ར་ཅན་གྱི་བླང་བྱ་གཞིར་བཟུང་ནས། ས་མཐོའི་ཁྱད་ལྡན་ཞིང་ལས་ཀྱི་འཕེལ་རྒྱས་གོ་རིམ་མགྱོགས་སུ་བཏང་སྟེ་གོམ་གང་མདུན་སྤོས་སྒོས་མ་འཇོག་གཏོང་ཤུགས་ཆེ་རུ་བཏང་བ་དང་། ཁྱད་ལྡན་ཐོན་རྫས་འདི་ཉིད་ཁུལ་ཁོངས་ཅན་དང་གཞི་ཁྱོན་ཅན། རྟེན་གཞི་ཅན་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་ཡོང་བར་སྐུལ་འདེད་བྱས་པ་རེད།         

       ཁྱད་ལྡན་ཞིང་ལས་ཐོན་རྫས་མ་བཅོས་རྒྱུ་ཆའི་རྟེན་གཞི་དང་གཞི་ཁྱོན་སྔར་ལས་རྒྱ་ཆེ་རུ་ཕྱིན་པ། ཁུལ་ཡོངས་བསྡོམས་རྩིས་ལྟར་ན་སྲ་བརྟན་དུ་གཏོང་བ་དང་གསར་དུ་སྐྲུན་པའི་ཞིང་ལས་ཐོན་རྫས་སྤུས་ལེགས་ཀྱི་རྟེན་གཞི་མུའུ་ཁྲི་51.23ཟིན་པ་དང་།  ཧུར་བརྩོན་གྱིས་ནོར་ནག་དང་བོད་ཕག   ཉི་ཤར་བྱ་སོགས་ཁྱད་ལྡན་གྱི་ཕྱུགས་རིགས་དང་བྱ་རིགས་གཞི་ཁྱོན་ལྡན་པའི་སྒོ་ནས་གསོ་སྤེལ་བྱས་ནས་གསོ་སྤེལ་གཞི་ཁྱོན་ཟམ་མི་ཆད་པར་འཕེལ་རྒྱས་དང་རྒྱ་སྐྱེད་བྱས་པ་རེད།     

        བདེ་ཆེན་གྱི་བེ་ཤ་ཤ་མོ།

       ཐོན་ལས་མཉམ་འདྲེས་ཀྱི་རྣམ་པ་གཞི་རྩའི་ཐོག་ནས་ཆགས་པ།  རྒུན་འབྲུམ་དང་སྨན་རྩྭ། ཤིང་རིགས་སྣུམ་རྫས། བཟའ་བཅའི་ཤ་མོ། སྔོ་ཚོད།ནས་སོགས་གཙོ་གནད་ཐོན་ལས་ལ་གཞི་བྱས་ནས། དེང་རབས་ཀྱི་ཞིང་ལས་ཐོན་ལས་མ་ལག་དང་ཐོན་སྐྱེད་མ་ལག  གཉེར་སྐྱོང་མ་ལག་སོགས་འཛུགས་པར་ཤུགས་བསྣན་ནས་ཁུལ་ཡོངས་ཀྱི་ས་མཐོའི་ཁྱད་ལྡན་དེང་རབས་ཞིང་ལས་འཕེལ་རྒྱས་མགྱོགས་སུ་བཏང་བ་རེད།   

       ཁྲོམ་རའི་བྱེད་པོའི་གྲངས་འབོར་ཟམ་མི་ཆད་པར་མང་དུ་ཕྱིན་པ།  སྣེ་འདྲེན་ཁེ་ལས་དང་ཞིང་པའི་ཆེད་ལས་མཉམ་ལས་ཁང་སོགས་ཞིང་ལས་གཉེར་སྐྱོང་བྱེད་མཁན་གསར་བ་ཧུར་ཐག་སྒོས་སྐྱེད་སྲིང་བྱས་ནས།  ཁུལ་ཡོངས་ཀྱི་ཞིང་ལས་བདག་གཉེར་དེང་རབས་ཅན་དུ་འགྱུར་བའི་འཕེལ་རིམ་མགྱོགས་སུ་བཏང་བ།

        རྒུན་འབྲུམ་ཐོན་ལས།

       ཁྱད་ལྡན་ཐོན་ལས་ཀྱི་སྤུས་རྟགས་གསར་འབྱེད་ནུས་པ་མཐོར་འདེགས་གཏོང་བ། སེམས་ཀྱི་ཉི་ཟླ་དང་གཙང་གསུམ་མཉམ་བཞུར་གྱི་སྤུས་རྟགས་ཆེན་མོ་གཉིས་ལ་བརྟེན་ནས་ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་སྤུས་རྟགས་གསར་འབྱེད་བྱེད་པར་ཤུགས་བསྣན་པ་རེད། ཁུལ་ཡོངས་བསྡོམས་རྩིས་ལྟར་ན་ཐོན་རྫས་གསུམ་དང་མཚོན་རྟགས་གཅིག་ཁས་ལེན་དཔང་འདོན་བྱས་པའི་ཞིང་ལས་ཐོན་རྫས་58ལྷག་དང་།  ཐོན་ཡུལ་ངོ་མའི་ས་ཁམས་མཚོན་རྟགས་5ཡོད་པ་རེད། 

        མཐོ་སྒང་གི་ནས།

       ཁྲོམ་རའི་གསར་འབྱེད་ནུས་པ་ཟམ་མི་ཆད་པར་ལེགས་སུ་ཕྱིན་པ། རང་ཁུལ་གྱིས་ཁེ་ལས་རྩ་འཛུགས་བྱས་ནས་ཀྲུང་གོ་དང་ཨེ་ཤེ་ཡ་ལྷོ་མའི་དངོས་མང་སྟོན་ཚོགས་ཐེངས་ལྔ་པ་དང་ཀྲུང་གོའི་ཁུན་མིང་ནས་ཕྱིར་གཏོང་ནང་འདྲེན་གྱི་ཚོང་འདུས་སྐབས་ཉེར་ལྔ་པ་སོགས་སུ་ཞུགས་ནས་སྐད་གྲགས་ཆོད་ཚད་མཐོ་རུ་ཕྱིན་ནས་ཁྲོམ་ར་རྒྱ་བསྐྱེད་བྱས་ཡོད་པ་རེད། ཞིང་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་ཀྱིས་འགྲེམས་ཚོགས་ནང་ཡུལ་དངོས་ནས་སྒོར་ཁྲི350བྲིན་ཚོང་བྱས་པ་དང་།  འདོད་བློའི་གྲོས་མཐུན་དང་སྒྲོམ་གཞིའི་གྲོས་མཐུན་22བཞག་པ།    གྲོས་མཐུན་དངུལ་འབོར་སྒོར་དུང་ཕྱུར་10ཟིན་པ་རེད།