མངའ་རིས་ས་ཁུལ་གྱི་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་10ལས་བརྒལ་བ།

རྩོམ་པ་པོ།   དུས་ཚོད།   2019-01-09   རྩོམ་ཁུངས།   

        ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་1ཚེས་7ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་མངའ་རིས་ས་ཁུལ་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར་གཞིགས་ན། 2018ལོར་བོད་ལྗོངས་མངའ་རིས་ས་ཁུལ་གྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་87.08ལ་སྣེ་ལེན་ཞུས་པས་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་10.42བྱུང་ཡོད་པ་རེད།
       བོད་ལྗོངས་མངའ་རིས་ས་ཁུལ་གྱི་ཐུན་མོང་མ་ཡིན་པའི་རང་བྱུང་དང་། མིས་བཟོས་ཡུལ་ལྗོངས་དང་གཏིང་ཟབ་པའི་རིག་གནས་ཀྱི་ནང་དོན་གྱིས་འཛམ་གླིང་ལ་སྐད་གྲགས་ཆོད་པ་དང། 2018ལོར་མངའ་རིས་ས་ཁུལ་གྱི་ཞིང་འབྲོག་མང་ཚོགས་ཐད་ཀར་རམ་གཞན་བརྒྱུད་ནས་ཡུལ་སྐོར་ལས་རིགས་ནང་ཞུགས་མཁན་མི་ཁྲི་1.26ཟིན་པ་དང་། འབབ་འཕར་སྒོར་དུང་ཕྱུར་1.13ཟིན་ཡོད་པ་རེད།
       མངའ་རིས་ས་ཁུལ་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱི་ཧྲུའུ་ཅི་ཀྲོའུ་ཧྲུའུ་ཡིས་ན་ནིང་ནས་བཟུང་ས་ཆ་དངོས་སུ་རྟོག་ཞིབ་དང་མཉམ་འབྲེལ་ངང་བྱེས་བགྲོད་སྒེར་འཁོར་བཏང་བའི་བྱེད་སྒོ་སྤེལ་བ་སོགས་ཀྱི་ཐབས་ལམ་བརྒྱུད་ནས་ཤིང་ཅང་གི་ཁ་ཧྲི་དང་མཚོ་སྔོན་གྱི་ཡུལ་ཤུལ། བོད་ལྗོངས་ཀྱི་ནག་ཆུ་སོགས་ཉེ་འཁོར་གྱི་གྲོང་ཁྱེར་གྱི་ཡུལ་སྐོར་སྡེ་ཚན་དང་དུས་ཡུན་རིང་པོའི་མཛའ་གྲོགས་མཉམ་ལས་ཀྱི་འབྲེལ་བ་བཙུགས་པ་དང་། གཞན་ཡང་མངའ་རིས་ཀྱིས་ཆབ་མདོ་དང་།  ཁྲེང་ཏུའུ། ཤིས་ཨན་སོགས་ཅུང་ཐག་རིང་བའི་ས་ཁུལ་ཡུལ་སྐོར་སྡེ་ཚན་དང་འབྲེལ་གཏུག་མཉམ་ལས་ཀྱི་ལམ་སྲོལ་འཛུགས་རྒྱུ་འཚོལ་ཞིབ་ཧུར་ཐག་བྱེད་བཞིན་ཡོད་ལ། ས་ཁོངས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་པ་བརྒྱུད་མངའ་རིས་ཀྱི་ཡུལ་སྐོར་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བཞིན་ཡོད་ཅེས་བརྗོད།
       ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་ཀྱི་འགྲིམ་འགྲུལ་ཆ་རྐྱེན་རིམ་བཞིན་ལེགས་སུ་འགྲོ་བཞིན་ཡོད་པ་དང་བསྟུན། མངའ་རིས་ས་ཁུལ་གྱིས་ཧུར་བརྩོན་ཆེན་པོས་ཡུལ་སྐོར་ལམ་ཐིག་རྩེ་གྲ་གཏོད་པ་དང་། ཨ་རིས་ཀྱི་ལྷོ་བྱང་སྐོར་ལམ་དང་། མངའ་རིས་ཀྱི་བྱང་ལམ་ཆེ་མོ། རྒྱལ་ལམ་219ཤིན་བོད་གཞུང་ལམ་དང་ཞང་ཞུང་རིག་གནས་ཡུལ་སྐོར་ལམ་ཐིག་རྩེ་གྲའི་ནང་སྐོར་ལམ་ཐིག་བཅས་ཡུལ་སྐོར་ལམ་ཐིག་བཞི་འཐུས་སྒོ་ཚང་དུ་འགྲོ་བཞིན་ཡོད། ལམ་ཐིག་འདི་དག་ཐོག  གུ་གེ་རྒྱལ་རབས་ཀྱི་གནའ་ཤུལ་དང་། རྩྭ་མདའི་མཐོ་ལྡིང་། གངས་རིན་པོ་ཆེ། མ་ཕམ་གཡུ་མཚོ་སོགས་སྐད་གྲགས་ཆེ་བའི་རང་བྱུང་དང་མིས་བཟོས་ཡུལ་ལྗོངས་གནས་ཡོད