ཐུན་མོང་མ་ཡིན་པའི་དཔའ་རིས་བོད་རིགས་ཀྱི་གོས་རྒྱན།

རྩོམ་པ་པོ།   དུས་ཚོད།   2019-01-08   རྩོམ་ཁུངས།   

           ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། བ་མོས་གཡོག་པའི་གྲང་ངར་གྱི་དགུན་ཁར་དཔའ་རིས་བོད་ཡུལ་དུ་དགའ་བའི་འཛུམ་གྱིས་ཁེངས། 2019ལོའི་ཟླ་1ཚེས་1ཉིན། མདོ་ལ་རིང་མོའི་འདབས་ཀྱི་ཀན་སུའུ་ཞིང་ཆེན་ཝུའུ་ཝེ་གྲོང་ཁྱེར་དཔའ་རིས་བོད་རིགས་རང་སྐྱོང་རྫོང་དུ“བདེ་ཞིང་སྐྱིད་པའི་བོད་རིགས་ཤང་གིས་མེས་རྒྱལ་གྱི་དྲིན་ལན་ཚོར་”ཞེས་པའི་མི་ཁྲིས་རྒྱལ་དར་སྒྲེང་ཞིང་རྒྱལ་གླུ་གཏོང་བའི་མཛད་སྒོ་དང“སྐྱིད་པའི་བོད་གྲོང་།འཆམ་མཐུན་ལྡན་པའི་དཔའ་རིས”ཞེས་པའི་མི་ཁྲི་ཡིས་སྐོར་བྲོ་འཁྲབ་སྟོན་བྱ་འགུལ་གཟབ་རྒྱས་ངང་འཚོགས་ཏེ། གནམ་ལོ་གསར་ཚེས་ལ་དགའ་བསུ་ཞུས་པ་དང་མེས་རྒྱལ་དར་རྒྱས་གོང་འཕེལ་ཡོང་བའི་སྨོན་འདུན་ཞུས།

        ཉིན་དེར་དཔའ་རིས་རྫོང་གི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཆིག་ཁྲི་ལྷག་ཙམ་གྱིས་དུས་ཆེན་གྱི་གཟབ་མཆོར་སྤྲས་ནས་ཐང་ཆེན་དུ་འཛོམས་ཏེ། དགའ་སྤྲོ་འཁོལ་བའི་ངང་སྐོར་བྲོ་འཁྲབ། བཀོད་རིས་མཛེས་ཤིང་བརྗིད་ལ་ངོ་མཚར་རྣམ་པར་བཀྲ་བའི་དཔའ་རིས་བོད་རིགས་ཀྱི་གོས་རྒྱན་ནི་ཉིན་དེའི་ཆེས་ཡིད་དུ་འོངས་པའི་ཁྱད་ཆོས་ཞིག་ཏུ་གྱུར་ཡོད། གོས་རྒྱན་གྱི་ཐུན་མིན་མཛེས་པས་མི་རྣམས་ཀྱི་མིག་དབང་རབ་ཏུ་འཕྲོག་བཞིན་ཡོད།

       དཔའ་རིས་བོད་རིགས་ཀྱི་གོས་རྒྱན་ལ་གོ་དོན་གཉིས་ཐད་ཀྱི་དོན་སྙིང་ཡོད། ཕྱོགས་གཅིག་ནས་གྱོན་གོས་ཡིན་པ་དང་ཕྱོགས་གཞན་ཞིག་ནས་གོས་རྒྱན་གྱི་སྒྱུ་རྩལ་གྱི་རིན་ཐང་ལྡན།