རང་ཁུལ་གྱིས་བརྟན་བརླིང་སྲུང་སྐྱོང་དང་ནག་ཚོགས་དང་སྤྱོད་ངན་སེལ་བའི་ཆེད་དོན་འཐབ་རྩོད་ལ་སྐུལ་འདེད་བྱས་པ།

རྩོམ་པ་པོ།   དུས་ཚོད།   2019-01-03   རྩོམ་ཁུངས།   

སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། 2018ལོའི་ཟླ12པའི་ཚེས20ཉིན། རང་ཁུལ་གྱིས་ཁུལ་ཡོངས་ཀྱི་བརྟན་བརླིང་སྲུང་སྐྱོང་དང་ནག་ཚོགས་དང་སྤྱོད་ངན་སེལ་བའི་ཆེད་དོན་འཐབ་རྩོད་ལས་ཀའི་གྲོས་ཚོགས་འཚོགས་པ་རེད།

གྲོས་ཚོགས་ཐོག་ཁུལ་ཡོངས་ཀྱི་རིམ་པ་ཁག་གི་སྡེ་ཁག་སོ་སོས་སྔར་ལས་ལྷག་པའི་སྒོ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་མཛུབ་སྟོན་གྱི་དགོངས་དོན་ལ་གཏིང་ཟབ་ཀྱིས་སློབ་སྦྱོང་བྱས་ནས།  ཆབ་སྲིད་ཀྱི་ལངས་ཕྱོགས་མཐོར་འདེགས་དང་བསམ་བློ་གཅིག་གྱུར་གྱི་ངོས་འཛིན་ཐད་ཤུགས་འདོན་དགོས་པ་དང་། སྔར་ལས་ལྷག་པའི་སྒོ་ནས་རྡུང་རྡེག་གི་ཉེས་ཆད་གཅོད་ཤུགས་ཆེ་རུ་བཏང་ནས་རྩད་གཅོད་སྔོག་འདོན་གཏིང་ཟབ་དང་། གྱོད་དོན་རྩད་ཆོད་ཐད་ཤུགས་འདོན་དགོས།   སྔར་ལས་ལྷག་པའི་སྒོ་ནས་གླེང་ཕྱོགས་ཀྱི་དྲིལ་བསྒྲགས་ཤུགས་ཆེར་འདོན་དགོས་པ་དང་། སྔར་ལས་ལྷག་པའི་སྒོ་ནས་ཕྱོགས་བསྡུས་ལེགས་བཅོས་ལ་ཤུགས་ཆེར་འདོན་དགོས་པ་སོགས་ཀྱི་བླང་བྱ་བཏོན་པ་རེད།

གྲོས་ཚོགས་ཐོག་མིག་སྔར་ཁུལ་ཡོངས་སྤྱི་ཚོགས་བརྟན་བརླིང་ལས་ཀར་སྲུང་སྐྱོང་བྱེད་པར་གཙོ་བོ་ཕྱོགས་བརྒྱད་ཀྱི་ཐོག་ནས་ལས་ཀ་སྒྲུབ་དགོས་ཏེ། གཅིག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་40འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གི་ཚ་རླབས་མྱུར་དུ་འཕྱུར་བར་བྱེད་དགོས་པ། གཉིས་ནས་ཤུགས་ཡོངས་ཀྱིས་དུས་ཆེན་གཉིས་དང་ཚོགས་ཆེན་གཉིས་ཀྱི་རྣམ་གྲངས་ཁག་གི་བརྟན་བརླིང་ལས་ཀ་ལེགས་པར་སྒྲུབ་དགོས།  གསུམ་ནས་ནུས་ཤུགས་ཡོད་རྒུས་བདེ་ཆེན་ཁུལ་ཁང་ཏེ་རྐང་དབང་མ་འཇོག་ཐེབས་རྩ་དོ་དམ་ཚད་ཡོད་ཀུང་སིས་ཁྲིམས་འགལ་ངང་སྤྱི་དམངས་ཀྱི་བཅོལ་དངུལ་བསྡུ་ལེན་བྱས་པའི་གྱོད་དོན་ཁྲིམས་ལྟར་གོ་རིམ་ལྡན་པའི་སྒོ་ནས་སྒྲུབ་དགོས།  བཞི་ནས་ཤུགས་ཡོངས་ཀྱིས་མིག་སྔའི་གཙོ་ཆེའི་རྣམ་གྲངས་ཀྱི་ལས་ཀ་ལེགས་པར་སྒྲུབ་དགོས། ལྔ་ནས་ཤུགས་ཡོངས་ཀྱིས་གཞི་རིམ་ལེགས་བཅོས་གསར་འབྱེད་ལ་སྐུལ་འདེད་གཏོང་དགོས། དྲུག་ནི་ནུས་ཤུགས་ཡོད་རྒུས་སྒྲིག་སྲོལ་ཁོར་སྐྱོད་ཐུབ་པར་དམ་འཛིན་ཡག་པོ་བྱེད་དགོས། བདུན་ནི་ཤུགས་ཡོངས་ཀྱིས་2018ལོའི་ལས་ཀའི་སྤྱི་བསྡོམས་དང་2019ལོའི་ལས་ཀའི་འཆར་འགོད་དམ་འཛིན་ཡག་པོ་བྱེད་དགོས། བརྒྱད་ནི་ཤུགས་ཡོངས་ཀྱི་དཔུང་ཁག་འཛུགས་སྐྱོང་དང་འགོ་ཁྲིད་འཛུགས་སྐྱོང་ལ་དམ་འཛིན་བྱེད་དགོས་ཞེས་ནན་གྱིས་བསྟན་པ་རེད།

རྫོང་དང་གྲོང་ཁྱེར་སོ་སོ་དང་ གསར་སྤེལ་ཆུས་ཀྱིས་རང་སོ་སོར་བརྟན་བརླིང་སྲུང་སྐྱོང་དང་ནག་ཚོགས་ཀྱི་སྤྱོད་ངན་སེལ་བའི་ཆེད་དོན་འཐབ་རྩོད་ཀྱི་ལས་དོན་སྤེལ་བའི་གནས་ཚུལ་སྙན་ཞུ་སྤེལ་རེས་བྱས་པ་རེད། ཁུལ་ཨུའི་སྲིད་ཁྲིམས་ཨུ་ལྷན་གྱིས་ཉེ་དུས་ཀྱི་བརྟན་བརླིང་སྲུང་སྐྱོང་ལས་དོན་གྱི་གནས་བབ་བརྡ་ཁྱབ་བཏང་བ་དང་། མིག་སྔའི་བརྟན་བརླིང་སྲུང་སྐྱོང་གི་གཙོ་གནད་ལས་དོན་ཁག་བཀོད་སྒྲིག་བྱས་པ་རེད།    ཁུལ་སྒྲིག་ཨུ་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་།  ཁུལ་ཨུའི་རྩ་འཛུགས་པུའུ། ཁུལ་སྤྱི་བདེ་ཅུས་སོགས་སྡེ་ཁག་7གྱིས་སོ་སོར་རང་གི་མ་ལག་ཏུ་ནག་ཚོགས་ཀྱི་སྤྱོད་ངན་སེལ་བའི་ཆེད་དོན་འཐབ་རྩོད་ཀྱི་ལས་དོན་ཁག་བཀོད་སྒྲིག་གང་ལེགས་བྱས་པ་རེད།

ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཁྲ་ཀྲུང་ཝང་གིས་གྲོས་ཚོགས་སུ་ཞུགས་པ་དང་གཏམ་བཤད་གནང་བ་རེད། 

ཁུལ་དང་རྫོང་། གྲོང་ཁྱེར། ཆུས་སོགས་ཀྱི་ནག་ཚོགས་དང་སྤྱོད་ངན་སེལ་བའི་ཆེད་དོན་འཐབ་རྩོད་ལས་ཀའི་འགོ་ཁྲིད་ཚོ་ཆུང་ཁོངས་མིའི་ལས་ཁུངས་དང་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་མི་སྣ་དག་ཐེངས་འདིའི་གྲོས་ཚོགས་སུ་ཞུགས་ཡོད་པ་རེད།