སེམས་ཀྱི་ཉི་ཟླའི་གྲོང་མིས་རྒྱུག་འགྲན་གྱི་རྣམ་པས་2019ལོ་བསུས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-01-02   རྩོམ་ཁུངས།   

    




    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།2019ལོའི་ཟླ་1པོའི་ཚེས་་1ཉིན།ལོ་གསར་གྱི་ཞོགས་ཟེར་ཤར་བ་དང་བསྟུན་ནས།སྐབས་ཐོག་མའི་མ་ཎི་སྐོར་རྒྱག་གསོལ་འདེབས་ཏེ་ལོ་གསར་གྱི་གྲོང་བཤགས་རྒྱུག་འགྲན་དེ་རྡོ་མཁར་རྫོང་ཟླ་འོད་ཐང་ཆེན་ནས་གཟབ་རྒྱས་ངང་བསྡུས་པ་རེད།ཁུལ་ཨུའི་རྒྱུན་ཨུ་ལི་ཡན་ལན་གྱིས་འགྲན་རྒྱུག་གི་འགོ་ཚུགས་མཛད་སྒོར་ཞུགས་པ་མ་ཟད་འགྲན་རྒྱུག་འགོ་བརྩམས་པ་བསྒྲགས་པ་རེད།

སྔ་དྲོའི་ཆུ་ཚོད9སྟེང་ས་གནས་ཁག་གི་ཡུལ་སྐོར་བ་དང་སེམས་ཀྱི་ཉི་ཟླའི་མི་རིགས་ཁག་གི་མང་ཚོགས་ཀྱིས་ཟླ་འོད་ཐང་ཆེན་དུ་འཛོམས་ནས་མ་ཎི་དུང་འཁོར་ལ་སྐོར་བ་ལན་གཅིག་རྒྱག་པ་དང་།དེ་ནས་མེ་མདའ་སྐད་སྒྲའི་གྲགས་པ་དང་བསྟུན་ནས། རུ་སྟར་གྲུ་བཞི་20 ལྷག་དེ་ལས་བྱེད་པ་དང་མང་ཚོགས།ཡུལ་སྐོར་བ་སོགས་མི་5000 ལྷག་ཙམ་རྒྱུག་འགྲན་བྱས་ནས་ལོ་གསར་བསུས་པ་རེད།

རྒྱུས་ལོན་བྱུང་བ་ལྟར་ན།ལོ་ངོ་30ལྷག་ལ་སྤེལ་བའི་ལོ་གསར་གྱི་རྒྱུག་འགྲན་བྱ་འགུལ་འདི་སེམས་ཀྱི་ཉི་ཟླའི་མི་རིགས་ཁག་གི་མང་ཚོགས་ཀྱིས་ལོ་གསར་བསུ་བའི་ཚབ་བྱེད་རང་བཞིན་གྱི་བྱ་འགུལ་ཞིག་ཏུ་འགྱུར་འདུག།2019ལོར་སེམས་ཀྱི་ཉི་ཟླས་མ་ཎི་སྐོར་རྒྱག་གསོལ་འདེབས་ཏེ་ལོ་གསར་གྱི་རྒྱུག་འགྲན་བྱ་འགུལ་གྱི་གོ་སྐབས་སྤྱད་ནས་དམངས་ཡོངས་ལུས་སྦྱོང་གི་བྱ་འགུལ་འདི་ཉིད་མཐོ་རླབས་གསར་པ་འཕྱུར་བ་རེད།མུ་མཐུད་དུ་འགོ་བརྩམས་ས་གསར་བ་ནས་བདེ་ཆེན་འདི་ཉིད་རྒྱལ་ཡོངས་བོད་ཁུལ་གྱི་མཆོང་བསྐྱོད་འཕེལ་རྒྱས་དང་ཡུན་རིང་བདེ་འགོད་ཀྱི་དཔེ་སྟོན་ཁུལ་སྐྲུན་པར་རྣམ་པ་གསར་བ་སྐྲུན་པ་རེད།

ལོ་གསར་པ།   ཉི་མ་གསར་བ། མ་འོངས་པའི་ལམ་གསར་བ།   བདེ་ཆེན་མཐོ་སྒང་དུ་སྤྱིར་ན་དགུན་གྱི་གྲང་ངར་གྱིས་གཙེས་ཡོང་ན་ཡང་ལུས་རྩལ་ལ་དགའ་བའི་མི་རྣམས་ཀྱི་སྤྲོ་སྣང་དེ་སུས་ཀྱང་འགོག་ཐུབ་ཀྱི་མེད།ལུས་རྩལ་ལ་དགའ་མཁན་ཚོས་ཞོགས་པའི་ཉི་གཞོན་གདོང་གིས་བསུ་བཞིན་ལྷད་མེད་ཀྱི་འཛུམ་མདངས་མངོན་ཞོར་མཛེས་སྡུག་ལྡན་པའི་ཀྲུང་གོའི་ཕུགས་འདུན་གྱི་ཕྱོགས་སུ་རྒྱུག་ཅིང་མཆིས།