དཔེ་ཀློག་གི་གུང་གསེང་།

རྩོམ་པ་པོ།   དུས་ཚོད།   2018-12-31   རྩོམ་ཁུངས།   

 



    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།གསར་འགོད་པ།རིན་ཆེན་ཚེ་རིང་།ལོ་གསར་གུང་གསེང་གི་ཉིན་འདི་དག་ལ་བདེ་ཆེན་དཔེ་མཛོད་ཁང་གི་སྒོ་ནམ་རྒྱུན་ལྟར་ཕྱེས་ཡོད་ལ། དཔེ་ཀློག་ལ་དགའ་མོས་ཡོད་པའི་བྱིས་ཆུང་བཅུ་ལྷག་ཡང་གུང་གསང་གི་དུས་འདི་འཕྲོ་བརླག་ཏུ་གཏོང་བཞིན་མེད་པར་དཔེ་ཁང་ལ་ཡོང་ནས་རང་ཉིད་སྤྲོ་བ་ཡོད་སའི་དཔེ་ཆ་སྟེ།བྱིས་སྒྲུང་དང་རྩོམ་ཡིག རི་མོ་སོགས་ཀྱི་དཔེ་ཆར་ལྟ་བཞིན་ཡོད། འདི་ནི་ཁོ་ཚོར་མཚོན་ན་དོན་སྙིང་ལྡན་པའི་གུང་གསེང་གཏོང་སྟངས་ཤིག་ཡིན་པ་རེད།

    དེ་མིན་ཟླ་བ་བཞི་བའི་གཞུང་བྱེད་པའི་རྒྱུགས་ལ་གྲ་སྒྲིག་བྱེད་བཞིན་པའི་སློབ་ཆེན་པ་འགའ་རེ་ཡང་གུང་གསེང་གི་དུས་འདི་འཕྲོ་བརླག་ཏུ་གཏོང་མ་ཕོད་པར་ནན་ཏན་གྱིས་སློབ་སྦྱོང་བྱེད་བཞིན་ཡོད།