སྲིད་གྲོས་བདེ་ཆེན་ཁུལ་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པ་མཇུག་སྒྲིལ།

རྩོམ་པ་པོ།   དུས་ཚོད།   2018-12-27   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་12པའི་ཚེས་27ཉིན་གྱི་སྔ་དྲོར། སྲིད་གྲོས་བདེ་ཆེན་ཁུལ་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པ་ཁུལ་ཨུའི་སྙན་ཞུ་ཐིང་དུ་མཇུག་སྒྲིལ་བ། ཁུལ་ཨུའི་ཧྲུའུ་ཅི། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཀུའུ་ཁུན་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཆི་ཅན་ཞིན་ཚོགས་ཆེན་དུ་ཞུགས་ཡོད།

        ཐེངས་འདིའི་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ནི་ཏུའུ་ཡུང་ཁྲུན་དང་། དབྱང་ཧྥེང་ཞི། ཤར་རྩེ·བསྟན་འཛིན་ཆོས་འཕེལ། ཀུའོ་ཁྲུང་ཞན། ཧོ་ཡུང་ཀྲུང་། ཧྲི་ཁྲུན་མིང་། ཧོའུ་ཅི་ལིན། ཉི་ཞའོ་ཏུང་། ཡུས་རུང་ཧྭ། ལི་ལིའང་བཅས་ཡིན་པ། 

ཏུའུ་ཡུང་ཁྲུན་གྱིས་གྲོས་ཚོགས་གཙོ་སྐྱོང་གནང་བ་རེད།

        ཐེངས་འདིའི་གྲོས་ཚོགས་སུ་ཕེབས་དགོས་པའི་ཨུ་ཡོན་227ཡོད་པ་དང་།དངོས་སུ་175ཕེབས་ཡོད་པ་དེ་སྲིད་གྲོས་ཀྱི་སྲོལ་ཡིག་དང་མཐུན་པ་རེད།

        ཚོགས་ཆེན་ཐོག་སྲིད་གྲོས་བདེ་ཆེན་ཁུལ་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པའི་སྲིད་གྲོས་བདེ་ཆེན་ཁུལ་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་ཀའི་སྙན་ཞུའི་སྐོར་གྱི་གྲོས་ཆོད་གྲོས་འཆམ་བྱུང་བ་དང་། ཀྲུང་གོའི་མི་དམངས་ཆབ་སྲིད་མཉམ་གྲོས་གྲོས་ཚོགས་ཀྱི་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པའི་གྲོས་གཞིའི་ཞིབ་དཔྱད་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པའི་གྲོས་གཞི་ལ་ཞིབ་དཔྱད་བྱེད་པའི་གནས་ཚུལ་སྐོར་གྱི་སྙན་ཞུའི་གྲོས་འཆམ་བྱུང་བ། ཀྲུང་གོའི་མི་དམངས་ཆབ་སྲིད་མཉམ་གྲོས་གྲོས་ཚོགས་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པའི་ཆབ་སྲིད་གྲོས་ཆོད་གྲོས་འཆམ་བྱུང་བ་རེད།

        གྲོས་ཚོགས་ཀྱིས་དུས་རབས་གསར་པས་ལས་འགན་གསར་པ་སྤྲད་པ་དང་། རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་འགན་ཁུར་གསར་པ་དགོས་པ།  དམིགས་འབེན་གསར་པར་བྱ་སྤྱོད་གསར་པ་དགོས་པ།  རྒྱ་ཆེ་བའི་ཨུ་ཡོན་དག་གིས་ལག་གདང་སྒྲིག་སྟེ། ཀྲུང་གུང་བདེ་ཆེན་ཁུལ་ཨུའི་སྲ་བརྟན་གྱི་འགོ་ཁྲིད་འོག ཐོག་མའི་བསམ་འདུན་མ་བརྗེད་པ་དང་འགན་འཁྲི་ཡིད་ལ་ངེས་པ།མཉམ་དུ་འབད་བརྩོན་བྱས་ནས་སྲོག་ཤིང་ལ་བརྩི་བཀུར་བྱེད་པ་དང་པེ་ཅིང་ལ་ཁ་ཕྱོགས་པ་ཞེས་པའི་འབོད་སྒྲ་ལེགས་བསྒྲུབ་བྱེད་དེ།  བདེ་ཆེན་གྱི་སྲིད་གྲོས་ལས་དོན་ལ་དེ་བས་འོད་སྣང་ལྡན་པའི་ལེའུ་ཞིག་སྐྲུན་དགོས་པ་དང་།  བདེ་ཆེན་འདི་ཉིད་རྒྱལ་ཡོངས་ཀྱི་ཆེས་མཛེས་པའི་བོད་ཁུལ་དུ་སྐྲུན་པ་ལ་འབད་དགོས་ཞེས་པའི་འབོད་སྐུལ་གནང་།

        མཇུག་སྒྲིག་གྲོས་ཚོགས་སུ་ད་དུང་ཡུས་ཧྲེང་ཞང་དང་། ཀྲང་ཝེ་ཏུང་། ཁྲ་ཀྲུང་ཝང་། ལི་ཡན་ལན། བཀྲ་ཤིས་དོན་འགྲུབ། དབྱང་ཙི་ཅང་། མང་ཧྲའོ་པིའོ། མིའོ་ཡིའུ་ཧྥ། ཝང་ཝུན་ཅ། ཁྲེན་ཅུན་མིང་། ཞའོ་ཞུས། ཞའོ་ཝུའུ། དབྱང་ཅན་ཧྭ།  ཚའེ་ཝུའུ་ཁྲེང་། དབྱང་ཀྲེང་དབྱི། སུང་ཐའོ། ཧོ་ལི་ཕིང་། ཁྲེང་ཕེང་། ཞུས་ཕེང་ཧྲེང་། ཀྲོའུ་ཡིང་ཧྲུའུ། ཝང་ཁའེ་ཧྲི། ཏའེ་ཧྲི་ཅན་སོགས་ཞུགས་ཡོད།

        བདེ་ཆེན་དུ་བཅའ་སྡོད་བྱེད་པའི་སྲིད་གྲོས་ཡུན་ནན་ཞིང་ཨུའི་ཨུ་ཡོན་དང་། ཞིང་ཆེན་གྱི་ཁུལ་དུ་བཅའ་སྡོད་བྱེད་ཡོད་པའི་སྡེ་ཚན། ཁུལ་ཐད་གཏོགས་ལས་ཁུངས་དང་ཁེ་ལས། བྱ་གཞག་ལས་ཁུངས་ཀྱི་འགན་ཁུར་མི་སྣ། བདེ་ཆེན་དུ་བཅའ་སྡོད་བྱེད་ཡོད་པའི་བཅིངས་འགྲོལ་དམག་དང་ཉེན་རྟོག་དྲག་དཔུང་གི་འགན་ཁུར་མི་སྣ་གདན་འདྲེན་ལྟར་གྲོས་ཚོགས་སུ་ཞུགས་ཡོད་པ་རེད།