སེམས་ཀྱི་ཉི་ཟླའི་རྒྱལ་སྤྱིའི་བྱ་གཟིགས་དུས་ཆེན་སྐབས་གསུམ་པར་བྱ་རིགས་170ཟིན་ཐོ་འགོད་ཡོད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-12-25   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ12པའི་ཚེས23ཉིན།རྒྱལ་ཡོངས་ས་གནས་ཁག་གི་ཆེད་ལས་བྱ་གཟིགས་མཐུན་ཚོགས་16གིས་དུས་ཡུན་ཉིན་3རིང་འགྲན་བསྡུར་བྱས་པ་བརྒྱུད། 2018ལོའི་སེམས་ཀྱི་ཉི་ཟླའི་དགུན་དུས་རྒྱལ་སྤྱིའི་བྱ་གཟིགས་དུས་ཆེན་བདེ་བླག་ངང་མཇུག་སྒྲིལ་བ་རེད། དུས་ཡུན་ཉིན་3་རིང་ཁྱོན་བསྡོམས་བྱ་རིགས་170ཟིན་ཐོ་འགོད་པ་དང་། འདིའི་ཁྲོད་དུ་ཉེན་བཅར་ཡོད་པའི་བྱ་རིགས་2ཡོད་པས།སྐབས་ཐོག་མ་གཉིས་ཀྱི་བྱ་གཟིགས་དུས་ཆེན་ཐོག་འགོད་པའི་བྱ་རིགས་གྲངས་ཀ་ལས་བརྒལ་བ་དང་། སེམས་ཀྱི་ཉི་ཟླའི་རྒྱལ་སྤྱིའི་བྱ་གཟིགས་དུས་ཆེན་ཐོག་ཟིན་ཐོ་འགོད་པའི་བྱ་རིགས་ཀྱི་གྲངས་འབོར་དེ་རིགས་206ལ་འཕར་ཡོད་པ་རེད།

པར་ལེན་བཞིན་པ།

        རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་བྱ་གཟིགས་དུས་ཆེན་དེ་ནགས་ཕག་མཚོའི་རྒྱལ་སྤྱིའི་གལ་ཆེའི་འདམ་ར་དང་། དགའ་ལྡན་སུམ་རྩེན་གླིང་། ས་མཐོའི་སྐྱེ་དངོས་གླིང་སུ་གཙོ་བོའི་འགྲན་ཁུལ་1དང་། ཉི་ཤར་ཤང་ཐང་སྨད་ཆུ་བོ་དང་། ཡང་ཐང་གྲོང་རྡལ་ཆུ་མཛོད་སྐོར་ལམ་དུ་ཡན་ལག་འགྲན་ཁུལ་2བཀོད་སྒྲིག་བྱས་ཡོད་ལ། བྱ་གཟིགས་དུས་ཆེན་གྱི་འགྲན་བསྡུར་གཞན་དང་བསྡུར་ན་ཐེངས་འདིའི་འགྲན་བསྡུར་ལ་ས་བབ་མཐོ་བ་དང་། དུས་རིམ་རིང་བ། འགྲན་ཁུལ་མང་བ་སོགས་ཀྱི་ཁྱད་ཆོས་ལྡན་པ་རེད།

བྱ་རིགས་སྣ་ཚོགས།

        སྐབས་དང་པོ་དང་སྐབས་གཉིས་པའི་བྱ་གཟིགས་དུས་ཆེན་ཐོག་ཟིན་ཐོ་འགོད་པའི་བྱ་རིགས་ཀྱི་མིང་གཞུང་དང་བསྡུར་ན། བྱ་གཟིགས་དུས་ཆེན་སྐབས་གསུམ་པར་གོ་བོ་དང་། ཀྲུང་ཧྭ་ཨིར་མོ་སོགས་བྱ་རིགས་25འཕར་ཡོད་པ་རེད།