རི་སྐྱེས་སྲོག་ཆགས་འཕྱི་བ་ངོ་སྤྲོད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-12-25   རྩོམ་ཁུངས།    མཚོ་སྔོན་པོ་དྲ་བ།

འཕྱི་བ། 旱獭 Himalayan Marmot

        གཟུགས་གཞིའི་ཁྱད་ཆོས།

         འཕྱི་བའི་གཟུགས་གཞིའི་རིང་ཚད་ལ་ལིས་སྨིས50ནས་ལིས་སྨིས60དང་། ལུས་ཀྱི་ལྗིད་ཚད་ལ་སྤྱི་རྒྱ5ནས་སྤྱི་རྒྱ9ཡོད། གཉའ་སྦོམ་ཞིང་རྣ་གཤོག་ཆུང་བ་དང་། སུག་བཞི་སྦོམ་ཞིང་སྡེར་མོ་རྣོ་བས། ས་བརྐོ་རྡོ་སློག་བྱེད་པར་ཤིན་ཏུ་མཁས། འཕྱི་བའི་རྔ་མ་ཐུང་ཞིང་། རྔ་མའི་རིང་ཚད་ལ་ལིས་སྨིས10ནས་ལིས་སྨིས12ཡོད། ལུས་རྒྱབ་དམར་སེར་ཡིན་ལ་གྲ་སྤུ་ནག་པོ་ཙམ་འདྲེས་འདུག གསུས་ངོས་སེར་སྐྱ་ཡིན་ལ། རྔ་མའི་སྣེ་མོ་ནག་སེར་ཡིན།

        ཁྱབ་ཡུལ།

        མདོ་དབུས་མཐོ་སྒང་ཡོངས་ན་འཕྱི་བ་མཐོང་རྒྱུ་ཡོད།

        འཚོ་བའི་གོམས་གཤིས་དང་འཚོ་གནས་ཁོར་ཡུག

        འཕྱི་བ་འཚོ་གནས་བྱེད་ས་ནི་མཚོ་ངོས་ལས་སྨིས3500ནས་སྨིས5200བར་གྱི་འབྲོག་ཁུལ་ཡིན། དུས་རྒྱུན་དུ་སྤང་རི་དང་རྫ་རི། འབྲོག་པའི་རྩྭ་ཐང་བཅས་ན་བསྡད་ཡོད། འཕྱི་ཁུང་ཕལ་ཆེར་ཉིན་ཁ་དང་ས་སྐམ་ས་ན་བརྐོས་ཡོད། འཕྱི་བ་ནི་ཁྱུ་སྡོད་བྱེད་པའི་རི་སྐྱེས་སྲོག་ཆགས་ཀྱི་རིགས་ཡིན། ཉིན་དཀར་ཁུང་སྒོར་འབུད་པ་དང་ནངས་དགོང་གཉིས་ཀར་བྲེལ་འདུག ནངས་སྔ་མོར་ཉི་མར་ལྡེ་བར་དགའ་བ་དང་། ལུས་ལ་ལུས་དྲོད་ཙམ་རྒྱས་རྗེས་ད་གཟོད་ཁ་ཟས་འཚོལ་མགོ་རྩོམ་པ་རེད། ཁ་ཟས་གཙོ་བོ་ནི་སྔོ་རྩྭ་ཡིན། ཟླ4བའི་ནང་དུ་སྐྱེ་འཕེལ་བྱེད་པ་དང་། ཟླ6པ་དང་ཟླ7པའི་ནང་དུ་ཕྲུ་གུ་བཙའ་བ་དང་། བཙའ་ཐེངས་རེར་ཕྲུ་གུ4ནས་ཕྲུ་གུ5བཙའ་བ་ཡིན།

        སྲུང་སྐྱོབ་བྱེད་པའི་དོན་སྙིང་།

        འཕྱི་བའི་པགས་པ་མཐུག་ཅིང་གྲ་སྤུ་མིག་ལ་མཛེས་པར་མ་ཟད། འཕྱི་བའི་ཤ་དང་རུས་པ། ཚིལ་སོགས་བོད་སྨན་དུ་འགྲོ་བ་ཡིན།

        ད་ཡོད་གནས་བབ།

        བོད་དབུས་མཐོ་སྒང་ལ་མཚོན་ན་འཕྱི་བའི་ཐོན་ཁུངས་ཕུན་སུམ་ཚོགས་པ་ཞིག་ཡོད་ཀྱང་། བེད་སྤྱོད་བྱེད་པ་ཧ་ཅང་ཉུང་།