དབུ་ཤོག >> སྲོལ་རྒྱུན་དུས་སྟོན།
བདེ་ཆེན་ལི་སུའུ་རིགས་ཀྱི་ཁུའོ་ཧྲི་དུས་ཆེན།
རྩོམ་པ་པོ། དུས་ཚོད། 2018-12-23 རྩོམ་ཁུངས།


       བདེ་ཆེན་གྱི་ལི་སུའུ་མི་རིགས་ཀྱིས་ཁུའོ་ཧྲི་དུས་ཆེན་གཏོང་སྟངས་དང་དུས་ཆེན་དེས་ཡུལ་གང་ཞིག་ལ་མཆོད་འབུལ་བྱེད་པ་དང་།   དུས་ཆེན་གྱི་ནང་དོན་ཐད་ཚན་པ་གང་དག་ཡོད་པ་ངོ་སྤྲོད་ཅུང་ཙམ་གནང་བ་ལ།  

ཁུའོ་ཧྲི་དུས་ཆེན་ནམ་ལོ་གསར་ནི་ལི་སུའུ་རིགས་མང་ཚོགས་ཀྱི་ཆེས་སྤྲོ་སྐྱིད་ལྡན་པའི་དུས་ཆེན་ཡིན།   དུས་ཆེན་དེ་ནི་ལོ་རེའི་ལུགས་གསར་གྱི་ཟླ12པའི་ཚེས21ཉིན་ནས་ཟླ12པའི་ཚེས23ཉིན་བར་རོལ་བ་ཡིན།  དུས་ཆེན་རོལ་དུས་ལི་སུའུ་རིགས་ཀྱི་སྐྱེས་ཕོ་མོ་རྒན་གཞོན་ཚང་མས་ལུས་ལ་གཟབ་ཆས་སྤྲོས་ཏེ་དགའ་སྐྱིད་ཀྱི་དཔལ་ལ་རོལ་ཞིང་།   ཁྱིམ་ཚང་རེ་རེ་ནས་ཕག་དང་ར་ལུག་བཤའ།   མ་རྨོས་ལོ་ཏོག་གི་ཕྱེས་བཟོས་པའི་གོ་རེ་དང་འབྲས་ཆང་སོགས་ཕན་ཚུན་ལ་ལེགས་སྐྱེས་ཀྱི་ཚུལ་དུ་བྱིན་ནས་མགྲོན་པོ་སྣེ་ལེན་བྱེད།   དུས་ཆེན་དེའི་བར་སྐབས་སུ་ད་དུང་མདའ་འཕེལ་འགྲན་བསྡུར་ཡང་བྱེད།      ཡོངས་ཁྱབ་ཀྱིས་ཨ་ཁྲུ་མུའུ་ཀ་ཞེས་པའི་ཞབས་བྲོ་རྩེད།   ལི་སུའུ་རིགས་ཀྱི་ས་ཆར་ལར་ཤས་སུ་བོད་རིགས་ཀྱི་སྐོར་བྲོ་དང་འབའ་གཞས་དཀྲོལ་ས་ཡང་ཡོད།