དབུ་ཤོག >> གནས་སྐོར་མཛེས་ལྗོངས།
པད་མ་རི་བོའི་སྟོན་གྱི་ཉམས་འགྱུར།
རྩོམ་པ་པོ། དུས་ཚོད། 2018-12-21 རྩོམ་ཁུངས།



      བདེ་ཆེན་ནི་སྣོད་བཅུད་ཀྱི་བཀོད་པ་ཚར་དུ་དངར་བའི་ཡུལ་གྲུ་ཞིག་ཡིན།  ཕྱོགས་ཀུན་ཏུ་ནགས་རིས་ཡོངས་སུ་བརྒྱན་པས་སྔོ་ལྗང་གི་ཞིང་ཁམས་ཤིག་ལྷན་གྱིས་གྲུབ་ཡོད།  ཡུལ་འདིར་གངས་རི་གྲགས་ཆེ་བ་ལ་ཁ་བ་དཀར་པོ་དང་།   གཞན་ཡང་པད་མ་རི་བོ་དང་ཤྭ་ཁ་རི་བོ།  ཧ་པ་རི་བོ་ལ་སོགས་པའི་གངས་ཀྱི་རི་བོ་དུ་མ་ཡོད།  རྒྱལ་ཐང་ནས་འཇོལ་རྫོང་གི་ཕྱོགས་སུ་བསྐྱོད་པའི་ལམ་བར་ནས་ཁྱོད་ཀྱིས་རྔམ་བརྗིད་ལྡན་པའི་པད་མ་རི་བོའི་མཛེས་སྡུག་མཐོང་ཐུབ་ལ།  རིའི་ཉག་ཁར་སླེབས་དུས་ཁ་བ་འབབ་པའི་དུས་ལ་ཡང་འཕྲད་ཐེངས་ཤིན་ཏུ་མང་།   དབྱར་དགུན་སྟོན་དཔྱིད་ཀྱི་དུས་གང་རུང་ལ་གངས་རི་རེ་རེས་ང་ཚོ་ལ་མིག་གི་དགའ་སྟོན་ཅི་རིགས་སྩོལ་བཞིན་པ་ལགས་ན།  ཁྱེད་ཀྱིས་གཤམ་གྱི་བརྙན་ཐུང་ལས་པད་མ་རི་བོའི་སྟོན་གྱི་ཉམས་འགྱུར་ལ་རོལ་མྱོང་ཐེངས་ཤིག་བྱེད་པར་འཚལ།  རྒྱ་ཆེའི་དྲ་གྲོགས་ལྷན་རྒྱས་ཀྱིས་འཕྲིན་སྟེགས་བརྒྱུད་ནས་སྐད་འཇོག་པར་སྙིང་ནས་དགའ་བསུ་ཞུ།

བརྙན་ལ་བལྟ་ན་འདི་མནོན། 

https://v.qq.com/x/page/q0502onv7j6.html