ཚེ་དབང་ལྷ་མོའི་གཞས་སྙན་ལ་གསན་འདོད་བསམ་པ་ཨེ་ཡོད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-12-20   རྩོམ་ཁུངས།    ཐེང་ཞོན་དྲ་བ།


 ཁམས་བྲག་འགོ་ནས་འཚར་ལོངས་བྱུང་བའི་གླུ་མ་ཚེ་དབང་ལྷ་མོ་ནི་ཀུན་ལ་གསལ་ཆ་ཡོད་པའི་གླུ་མ་ཞིག་ཡིན་པ་དང་།  ཁོ་མོའི་ཡིད་དུ་འོང་བའི་ཞལ་རས་དང་། ཉམས་འགྱུར་སྟོང་གིས་ཕྱུག་པའི་སྐད་ངག་སོགས་ལ་རྒན་གཞོན་ཀུན་གྱིས་དང་དོད་དང་དགའ་ཞེན་བཅང་བཞིན་ཡོད། གངས་རིའི་བུ་མོ་ཞེས་པའི་བརྙན་འཁོར་ཚོང་རར་བཀྲམས་པས་ཁོ་མོ་ལ་སྔར་ལས་ལྷག་པའི་མཚན་སྙན་གྲགས་རྒྱས་ཤིང་། བོད་ནང་གི་ལོ་གསར་དགོང་ཚོགས་སོགས་སུ་ཁོ་མོའི་གཟུགས་བརྙན་མཐོང་ཐུབ། ཁོ་མོས་བླངས་པའི་གནས་མཆོག་ལྷ་ས་ཞེས་པའི་གླུ་གཞས་ཤིག་གིས་ལྷན་རྒྱས་ཀྱི་སེམས་ངོར་བག་ཆགས་ཟབ་མོ་ཞིག་བཞག་ཡོད་ཅིང་།   ཉེ་སྔོན་སི་ཁྲོན་བརྙན་འཕྲིན་ཁང་གི་བོད་གླུའི་འགྲན་ཚོགས་ཚོགས་ཁོ་མོས་ཡང་བསྐྱར་ལོ་དུ་མའི་སྔོན་ལ་བླངས་པའི་གླུ་གཞས་འདིའི་དབྱངས་ལ་བཅོས་སྒྲིག་མི་ཉུང་བ་ཞིག་བྱས་ནས་བསྐྱར་ལེན་གྱི་ཚུལ་གྱིས་ཀུན་གྱིས་རྣ་དབང་འགུག་པའི་ལེགས་སྐྱེས་ཀྱི་ཚུལ་དུ་ཕུལ་ཡོད་པས།  སྐུ་ཉིད་ཀྱིས་སེམས་ཞིབ་མོས་ཉན་པར་དགའ་བསུ་ཞུ།     

བརྙན་ལ་བལྟ་ན་འདི་མནོན།  

https://v.qq.com/x/page/e0809azbonh.html