དབུ་ཤོག >> བོད་ཁུལ་གསར་འགྱུར།
ཉི་མ་དོན་གྲུབ་དང་རྒྱས་བཟང་བསོད་ནམས་དར་རྒྱས་ལ་སྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་ངོ་40འཁོར་བར་བྱས་རྗེས་ཕུལ་དུ་བྱུང་བ་བཞག་མཁན་གྱི་བྱ་དགའ་ཐོབ་པ།
རྩོམ་པ་པོ། དུས་ཚོད། 2018-12-19 རྩོམ་ཁུངས།

ཉི་མ་དོན་གྲུབ།

     མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་18ཉིན་གྱི་སྔ་དྲོའི་ཆུ་ཚོད་10པར། སྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་ངོ་40འཁོར་བར་རྟེན་འབྲེལ་ཞུས་པའི་ཚོགས་ཆེན་པེ་ཅིང་གི་མི་དམངས་ཚོགས་ཁང་ཆེན་མོར་གཟབ་རྒྱས་ངང་འཚོགས་པ་དང་། སྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་ངོ་40རིང་གི་འོད་སྟོང་ལྡན་པའི་ལོ་རྒྱུས་ལ་ཕྱིར་དྲན་བྱས་ཤིང་། སྒྱུར་བཅོས་སྒོ་འབྱེད་ཀྱི་ཉམས་མྱོང་རྩ་ཆེན་ཕྱོགས་བསྡོམས་དང་། སྒྱུར་བཅོས་སྒོ་འབྱེད་ལ་བྱས་རྗེས་ཕུལ་དུ་བྱུང་བ་བཞག་མཁན་ལ་བྱ་དགའ་གནང་བ་རེད།
     ཚོགས་ཆེན་ཐོག་ནས་སྒྱུར་བཅོས་སྒོ་འབྱེད་གདོང་ལེན་མཚན་སྙན་ཐོབ་མཁན་100ཁྱབ་བསྒྲགས་བྱས་པ་ལས། བོད་རིགས་ཀྱི་གཞི་རིམ་ཏང་ཡོན་གཉིས་དེའི་གྲས་སུ་ཚུད་ཡོད་པ་སྟེ། གཅིག་ནི"བོད་རང་སྐྱོང་ལྗོངས་འབྲོག་ཁུལ་སྒྱུར་བཅོས་ཀྱི་གདོང་དམག"དང་མངའ་རིས་ས་ཁུལ་སྒེར་རྩེ་རྫོང་འོ་མ་ཤང་ཆམས་འགུག་གྲོང་ཚོའི་ཏང་ཀྲི་པུ་ཧྲུའུ་ཅི་ཉི་མ་དོན་གྲུབ་དང་། གཞན་པ་དེ་ནི་བོད་རིགས་གཞི་རིམ་ཏང་ཡོན། "ཨ་ཆེན་གངས་རྒྱབ་དང་གཙང་གསུམ་ཆུ་འགོའི་སྐྱེ་དངོས་ཁོར་ཡུག་སྲུང་སྐྱོང་གི་སྔོན་བྱོན་པ"མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་ཨུའི་དེ་སྔའི་ཧྲུའུ་ཅི་གཞོན་པ། འབྲི་སྟོད་རྫོང་ནུབ་རྒྱུད་ལས་དོན་ཨུ་ལྷན་གྱི་དེ་སྔའི་ཧྲུའུ་ཅི་རྒྱས་བཟང་བསོད་ནམས་དར་རྒྱས་རེད། 
     དེ་སྔོན། 《མི་དམངས་ཉིན་རེའི་ཚགས་པ》ཡིས་ཟླ་11ཚེས་26ཉིན་སྤེལ་བའི《སྒྱུར་བཅོས་སྒོ་འབྱེད་བྱས་པར་བྱས་རྗེས་ཕུལ་བྱུང་བཞག་མཁན་གྱི་མཚན་སྙན་ཐོབ་མཁན་སྐོར་གྱི་སྤྱི་བསྒྲགས》ལས་ཁོང་གཉིས་ཀྱི་ཆ་འཕྲིན་བཀོད་པ་གཤམ་གསལ། 
     ཉི་མ་དོན་གྲུབ། སྐྱེས་པ། བོད་རིགས། ཀྲུང་གུང་ཏང་ཡོན། 1965ལོའི་ཟླ་6པར་སྐྱེས། བོད་རང་སྐྱོང་ལྗོངས་མངའ་རིས་ས་ཁུལ་སྒེར་རྩེ་རྫོང་འོ་མ་ཤང་ཆམས་འགུག་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི། 
     ཁོང་གིས་སྣེ་འདྲེན་པའི་ནུས་པ་གང་ལེགས་སུ་བཏོན་ནས། མི་རིགས་མཐུན་སྒྲིལ་གྱི་བྱ་འགུལ་ལ་དངོས་སུ་ཞུགས་ཤིང་། སྒོ་ཟོག་མ་རྩར་འཇོག་པ་དང་། ངལ་རྩོལ་མ་རྩར་འཇོག་པ། དུད་ཁྱིམ་སྦྲེལ་ནས་ཟོག་འཚོ་བ། རྩྭ་ར་འཁོར་རྒྱུག་བཅས"མ་འཇོག་བཞི"ཡི་ཐབས་ཤེས་ལ་བརྟེན་ནས་མཉམ་ལས་ཁང་གཉེར་སྐྱོང་བྱས་པ་དང་། ཐོན་ཁུངས་བསྡུ་སྒྲིལ་བྱས་ནས་གྲོང་ཚོའི་ཐུན་མོང་དཔལ་འབྱོར་གཞི་ཁྱོན་ཅན་གྱི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ། "ངལ་རྩོལ་ནུས་ཤུགས་གཅིག་གྱུར་བཀོད་སྒྲིག་དང་། རྩྭ་ར་གཅིག་གྱུར་དོ་དམ། ཕྱུགས་ལས་ཐོན་རྫས་གཅིག་གྱུར་ཉོ་འཚོང་། དཔལ་འབྱོར་ཡོང་འབབ་གཅིག་གྱུར་བགོ་འགྲེམ། ངལ་རྩོལ་ནུས་ཤུགས་མེད་མཁན་དང་རྒན་རྒོན་ཁེར་རྐྱང་གཅིག་གྱུར་འཚོ་སྐྱོང་བྱེད་པ། སློབ་གྲྭར་ཡོད་མཁན་སློབ་མ་ལ་སྐར་གྲངས་གཅིག་གྱུར་སྤྲོད་པ"བཅས"གཅིག་གྱུར་དྲུག"གི་ལས་རིམ་རྣམ་པ་འཚོལ་ཞིབ་དང་ཕྱོགས་བསྡུས་བྱས་ཏེ། འབྲོག་པའི་དུད་ཁྱིམ་དང་གྲོང་ཚོའི་གཉེར་སྐྱོང་སྡེ་ཚན་བར"ཐོན་ལས་དང་ཐོན་རྫས་མཉམ་འབྲེལ"དང་"མ་རྩ་དང་ཁེ་ཕན་མཉམ་འབྲེལ"བྱེད་པར་སྐུལ་འདེད་བཏང་སྟེ། གྲོང་མི་ཚོའི་སྤྱི་གཞུང་གི་འདུ་ཤེས་དང་། མཉམ་ལས་ཀྱི་འདུ་ཤེས། ཁྲོམ་རའི་འདུ་ཤེས་བཅས་ཇེ་མཐོར་བཏང་ཡོད། སྔོན་མའི་རགས་ལས་ཅན་གྱི་གཉེར་སྐྱོང་ནས་ལེགས་བསྡུས་ཞིབ་གཉེར་ཅན་གྱི་གཉེར་སྐྱོང་དུ་བསྒྱུར་བ་དང་། མང་ཚོགས་ཀྱི་ཡོང་འབབ་ལ་འགན་སྲུང་དང་རྒྱུན་མཐུད་ལ་ཁག་ཐེག་བྱས་པ་རེད། 




 རྒྱས་བཟང་བསོད་ནམས་དར་རྒྱས། 

སྐྱེས་པ། བོད་རིགས། ཀྲུང་གུང་ཏང་ཡོན། 1954ལོའི་ཟླ་4པར་སྐྱེས། 1994ལོའི་ཟླ་1པར་གྲོངས་པ། མཚོ་སྔོན་འབྲི་སྟོད་རྫོང་ནས་ཡིན། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་གི་རྫོང་ཨུའི་དེ་སྔའི་ཧྲུའུ་ཅི་གཞོན་པ་དང་། འབྲི་སྟོད་རྫོང་ནུབ་རྒྱུད་ལས་དོན་ཨུ་ལྷན་གྱི་དེ་སྔའི་ཧྲུའུ་ཅི་རེད། ཁོང་གིས་རྫོང་ཨུ་ལ་རྒྱལ་ཁབ་ཀྱི་ཐོན་ཁུངས་སྲུང་སྐྱོང་དང་། ལུགས་མཐུན་ངང་རྨ་ཆེན་གངས་རྒྱབ་གསར་སྤེལ་བྱ་དགོས་པའི་བསམ་འཆར་ཐེངས་མང་པོར་བཏོན་ཞིང་། རྨ་ཆེན་གངས་རྒྱབ་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་ཁུངས་ཏེ——འབྲི་སྟོད་རྫོང་ནུབ་རྒྱུད་ལས་དོན་ཨུ་ལྷན་འཛུགས་པར་སྐུལ་འདེད་བཏང་བ་དང་། ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅིའི་འགན་འཁུར་བ་རེད། སྔ་རྗེས་སུ་ཐེངས་12ལ་རྨ་ཆེན་གངས་རྒྱབ་ཀྱི་ལྟེ་གནས་དངོས་སུ་རྟོག་ཞིབ་སྐོར་ཞིབ་བྱས་ཤིང་། དཔྱད་གཞི་གལ་ཆེན་མང་པོ་ཐོབ་ཡོད། རང་རྒྱལ་གྱི་དྲག་ཆས་རྔོན་འགོག་དཔུང་ཁག་དང་པོ་བཙུགས་ནས། ཁྲིམས་དང་འགལ་བའི་ལྐོག་རྔོན་ཚོགས་པ་8རྩད་ཆོད་ལག་ཟིན་བྱུང་བ་དང་། 1994ལོའི་ཟླ་1ཚེས་18ཉིན། ལྐོག་རྔོན་རྒྱག་མཁན་དང་གདོང་ཐུག་བྱུང་བའི་ནང་བཀྲོངས་པ་རེད།