བདེ་ཆེན་ཁུལ་གྱིས་བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ་40འཁོར་བར་རྟེན་འབྲེལ་ཞུ་བའི་གླུ་ལེན་འགྲན་ཚོགས་བསྡུས་པ།

རྩོམ་པ་པོ།   དུས་ཚོད།   2018-12-17   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

ཟླ12པའི་ཚེས14ཉིན།    ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡིས་གཙོ་གཉེར་གནང་བའི་བདེ་ཆེན་ཁུལ་གྱིས་བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ་40འཁོར་བར་རྟེན་འབྲེལ་ཞུ་བའི་གླུ་ལེན་འགྲན་ཚོགས་དེ་སེམས་ཀྱི་ཉི་ཟླའི་མི་རིགས་ལུས་རྩལ་ལྟེ་གནས་སུ་བསྡུས་པ་དང་།     ཁུལ་ཡོངས་ཀྱི་ལས་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་འཐུས་མི་རུ་ཁག་བཅུ་ཡི་མི་སྣ1100 ལྷག་དགའ་སྤྲོའི་ངང་ལྷན་གཅིག་ཏུ་འཛོམས་ནས་སྐད་གསེང་མཐོན་པོས་གླུ་ལེན་གར་རྩེད་བྱས་ཏེ་བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ་40 འཁོར་བར་རྟེན་འབྲེལ་ཞུས་ཡོད།  


རྒྱལ་ཐང་གྲོང་རྡལ་འཐུས་ཚབ་རུ་ཁག་གིས་མཉམ་གླུ་ལེན་པ།


ཁུལ་སྲིད་ཁྲིམས་མ་ལག་གི་འཐུས་ཚབ་རུ་ཁག

 གླུ་ལེན་འགྲན་ཚོགས་དེ་གངས་ལྗོངས་མི་དམངས་ཀྱིས་ཏང་གི་བཀའ་དྲིན་ལ་བསྟོད་པ་ཞེས་པ་དང་།   བཅོས་བསྒྱུར་གྱི་དཔྱིད་རླུང་མཐོ་སྒང་དུ་ལྡང་བ།    བློ་སེམས་གཅིག་མཐུན་ངང་ནས་ཀྲུང་གོའི་ཕུགས་འདུན་བསྐྲུན་པ་སོགས་ལེ་ཚན་ཆེན་པོ་གསུམ་གྱིས་གྲུབ་ཡོད།    བདེ་ཆེན་ཁུལ་མི་རིགས་གླུ་གར་ཚོགས་པའི་འཁྲབ་སྟོན་གནང་བའི་སྤྲོ་སྐྱིད་ཅེས་པའི་འཁྲབ་གཏོང་ལེ་ཚན་གྱིས་གླུ་ལེན་འགྲན་ཚོགས་འགོ་བརྩམས་པའི་སྒོ་འཕར་ཡོངས་སུ་ཕྱེས་པ་དང་།   དེ་མཐུད་ནས་འཐུབ་ཚབ་རུ་ཁག་དག་གིས་བཅིངས་འགྲོལ་དམག་མི་ཕེབས་བྱུང་།    གླུ་ཞིག་བླངས་ནས་ཏང་ལ་འབུལ་ལ་སོགས་པའི་ཀུན་གྱི་རྣ་བར་གསལ་ཆ་ཡོད་པའི་མཉམ་གཞས་བཏང་སྟེ།    བདེ་ཆེན་གྱི་རིགས་སོ་སོའི་མང་ཚོགས་ཀྱིས་ཏང་གི་བཀའ་དྲིན་ཚོར་བ་དང་།   ཏང་གི་སྐད་ཆར་ཉན་པ།   ཏང་གི་རྗེས་སུ་འབྲངས་པའི་ཡིད་ཆེས་བརྟན་པོ་དེ་མཚོན་པར་བྱས་ཡོད།    དཔྱིད་ཀའི་གཏམ་རྒྱུད།      རེ་བས་ཕྱུག་པའི་ཞིང་ཁ།   མཁའ་ལམ།   ང་ཀྲུང་ཧྭ་ལ་དགའ་ལ་སོགས་པའི་གླུ་དབྱངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱས་པའི་མཛད་རྗེས་རླབས་པོ་ཆེ་དང་བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ་40 སོང་རིང་ཐོབ་པའི་རླབས་ཆེན་གྲུབ་འབྲས་ལ་བསྔགས་བརྗོད་གང་ལེགས་བྱས་ཡོད།  དུས་མཚུངས་སུ་དུས་རབས་གསར་པའི་གངས་ལྗོངས་ས་མཐོའི་མང་ཚོགས་རྣམས་ཀྱི་བདེ་སྐྱིད་ཀྱི་ཚོར་བ་དེ་མངོན་པར་བྱས་ཡོད།     མཇུག་མཐར་ཚོགས་ཞུགས་མི་སྣ་ཡོངས་ཀྱིས་མེས་རྒྱལ་ལ་བསྟོད་གླུ་འབུལ་ཞེས་པའི་མཉམ་ལེན་ཁྲོད་ཚོགས་འདུ་གྲོལ་བ་དང་།  གང་སར་ལྟད་མོ་བའི་དགའ་སྤྲོའི་ཐལ་མོ་ཡི་ལྡེབ་སྒྲས་ཁེངས་ཡོད།  

ཁུལ་ཏང་སྲིད་ལས་ཁུངས་ཀྱི་འཐུས་ཚབ་རུ་ཁག

མི་ལོ་བདུན་ཅུ་ལྷག་ལ་སོན་པའི་ལྟད་མོ་བ་ཚེ་རིང་དོན་འགྲུབ་ཀྱིས་བཤད་དོན།   གླུ་ལེན་འགྲན་ཚོགས་གྱིས་མི་སེམས་རབ་ཏུ་སྒུལ་ཞིང་།     ལོ་40ཡི་རིང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ང་ཚོའི་མེས་རྒྱལ་དང་བདེ་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཕྱོགས་གང་ཅིའི་ཐད་ཐོབ་པའི་བླ་མེད་ཀྱི་གྲུབ་འབྲས་ལ་བསྟོད་གླུ་བླངས་ཡོད།    ང་ཚོས་སྔར་མེད་ཀྱི་བདེ་སྐྱིད་ཅིག་ཚོར་ཐུབ་པས་བཅོས་བསྒྱུར་སྒོ་འབྱེད་ཀྱིས་བསྩལ་བའི་མཛེས་སྡུག་ལྡན་པའི་འཚོ་བ་ལ་བཀའ་དྲིན་ཞུ་རྒྱུན་ཡིན་ཟེར།  

 རང་ཁུལ་གྱི་འབྲེལ་ཡོད་འགོ་ཁྲིད་དང་། ལས་རིགས་ཁག་སོ་སོ་ནས་ཐོན་པའི་སྔོན་ཐོན་དཔེ་མཚོན་མི་སྣ།  རྒྱལ་ཐང་གྲོང་རྡལ་གྱི་མང་ཚོགས་སོགས་འཁྲབ་སྟོན་ལ་བལྟ་བར་ཕེརབས་ཡོད།